ArchiveAboutContact

Special News

Special News

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ལུང་ནག་ནང་དང་ ལ་ཡག་ལུ་ཡོད་མི་ ཁྱེགས་མཚོ་ཚུ་ལུ་ གཟིགས་ཞིབ་གནངཡོདཔ།

སྤྱི་ཟླ་ ༡༡ པའི་ཚེས་ ༡༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ མི་རྗེ་བློན་ཆེན་དང་ རྒྱལ་ཡོངས་ཆུ་དཔྱད་དང་ གནམ་གཤིས་རིག་པ་ལྟེ་བའི་ནང་ལས་ ཁྱེགས་དོན་མཁས་མཆོག་ ཁྱེགས་མཚོ་རྦེད་པའི་ ཆུ་རུད་ཀྱི་ཉེན་ཁ་ བརྟག་དཔྱད་གནང་ཐབས་ལུ་ ཀརྨ་སྟོདཔ་གིས་ ཕྱག་ཞུ་སྟེ་ ལུང་ནག་ནང་དང་ ལ་ཡག་ལུ་ ཆིབས་བསྐྱོད་གནངཡོདཔ་ཨིན་པས། ལུང་ནག་ནང་ལུ་ མི་དབང་མཆོག་གིས་ ཉེན་ཁ་སྦོམ་ཡོད་པའི་ ལུག་རྒྱས་དང་ ཐོར་ཐོར་མེ་ རབ་ཕྲེང་ཁྱེགས་མཚོ་ཚུ་ལུ་ ཞིབ་དཔྱད་གནང་སྟེ་ ས་ཁོངས་དེ་ཚུའི་ནང་ ཁྱེགས་མཚོ་དང་ སྔ་གོང་ཉེན་བརྡ་རིམ་ལུགས་ཚུ་ བལྟ་རྟོག་འབད་མི་ རྒྱལ་ཡོངས་ཆུ་དཔྱད་དང་ གནམ་གཤིས་རིག་པ་ལྟེ་བའི་ ལས་གཡོགཔ་ཚུ་དང་ མཇལ་ཕྲད་མཛད་གནང་ནུག། ས་གནས་དེ་ཁར་ རྒྱལ་ཡོངས་ཆུ་དཔྱད་དང་ གནམ་གཤིས་རིག་པ་ལྟེ་བའི་ ས་གནས་འཕྲུལ་རིག་པ་ ༢ གཏན་འཇགས་བཞག་ཡོདཔ་དང་ ཁོང་གིས་ སྔ་གོང་ཉེན་བརྡའི་ འཕྲུལ་ཆས་དང་ ཁྱེགས་མཚོ་ཚུ་གི་ གནས་སྟངས་ཚུ་ དུས་དང་དུས་ལུ་ ཞིབ་དཔྱད་འབད་དེ་ ཐང་ཟ་ཆུ་གི་ མཐོ་དམའི་ཚད་གཞི་དང་ གནམ་གཤིས་ཀྱི་སྐོར་ལས་ དུས་ཡུན་ཆུ་ཚོད་ ༣ རེའི་བར་ན་ སྙན་ཞུ་འབད་དོ་ཡོདཔ་ཨིན་པས། འཇིགས་མེད་ལྷུན་གྲུབ་དེ་ ལུང་ནག་ནང་ལུ་ […]

gyalchi
National News

འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༦ པའི་ འགོ་འབྱེད་རྟེན་འབྲེལ།

མགོན་པོ་རྡོ་རྗེ། སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༦ པ་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ བཞུགས་གྲལ་རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྒོ་ལས་ དབུ་བཙུགས་གནང་ཡི། སྤྱི་ཟླ་ ༡༢ པའི་ཚེས་ ༢༨ ཚུན་ འཚོགས་གནང་ནི་ཨིན་མི་ ཚོགས་བཞུགས་དེ་ནང་ སྤྱིར་བཏང་གཞུང་གི་དཔྱད་ཡིག་ཁག་ ༤ དང་ སྒེར་གྱི་འཐུས་མིའི་དཔྱད་ཡིག་ཁག་ ༢ རྩིས་ཏེ་ དཔྱད་ཡིག་བསྡོམས་ ༦ གུ་ གསུང་གྲོས་གནང་ནི་ཨིནམ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ གྲོས་གཞི་ནང་བཀོད་ནུག། དེ་ལས་ སྤྱི་ཚོགས་ལྷན་བཞུགས་ནང་ ཧེ་མ་ ཞལ་འཆམས་མ་བྱུང་མི་ དཔྱད་ཡིག་ཁག་ ༢ དང་ རྒྱལ་སྤྱིའི་གན་རྒྱ་ ༡ ལུ་ རྒྱབ་སྣོན་ཆ་འཇོག་གནང་ནིའི་དོན་ལུ་ བྱ་སྒོ་རིམ་པའི་གྲས་ཁར་ བཙུགས་ཡོད་པའི་གུ་ ཚོགས་ཆུང་གི་སྙན་ཞུ་དང་ གྲོས་ཆོད་དང་ལེན་གྱི་ སྙན་ཞུ་ཚུ་ལུ་ཡང་ གསུང་གྲོས་གནང་ནི་གི་ ལས་རིམ་ཡོདཔ་ཨིན་པས། གཞུང་གི་དཔྱད་ཡིག། འབྲུག་གི་གཏེར་ཁ་དང་ གཏེར་རྫས་དཔྱད་ཡིག་ ༢༠༢༦ […]

gyalchi
Special News

མུ་ཏིག་ཐང་སློབ་གྲྭ་ གཞི་བཙུགས་འབད་དེ་ མི་ལོ་ ༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་།

པདྨ་དབང་འདུས། སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ མི་དབང་རྒྱལ་ཡུམ་ ཚེ་རིང་གཡང་སྒྲོན་དབང་ཕྱུག་མཆོག་གིས་ མུ་ཏིག་ཐང་སློབ་གྲྭ་ གཞི་བཙུགས་འབད་དེ་ མི་ལོ་ ༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་ནང་ དབུ་བཞུགས་མཛད་གནང་ཡོདཔ་ད་ དུས་སྟོན་དེ་ཡང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ ཆེད་བསྔོའི་ཐོག་ལས་ བརྩི་སྲུང་ཞུ་ཡོདཔ་ཨིན་པས། མུ་ཏིག་ཐང་སློབ་གྲྭ་དེ་ སྤྱི་ལོ་ ༡༩༧༥ ལུ་ བློ་གསར་ལས་ སློབ་རིམ་བརྒྱད་པ་ཚུན་གྱི་ སློབ་གྲྭ་ལྟེ་བ་སྦེ་ གཞི་བཙུགས་གནང་ཡོདཔ་ད་ དེ་ཡང་ སློབ་དཔོན་དབུ་འཛིན་གྱི་གཙོས་པའི་ སློབ་དཔོན་ ༡༤ དང་ སློབ་ཕྲུག་ ༢༣༥ དང་བཅསཔ་སྦེ་ འགོ་བཙུགས་ནུག། སྤྱི་ལོ་ ༡༩༨༩ ལུ་ སློབ་གྲྭ་དེ་ འབྲིང་རིམ་སློབ་གྲྭ་འོག་མ་ལུ་ ཡར་སེང་འབད་ཡོདཔ་ད་ སྤྱི་ལོ་ ༢༠༠༦ ལས་ འབྲིང་རིམ་སློབ་གྲྭ་ཆེ་བ་ལུ་ ཡར་སེང་ཐོག་ལས་ སློབ་རིམ་ ༡༢ ཚུན་གྱི་ ཤེས་ཡོན་ཚུ་སྤེལ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ད་རེས་ སློབ་གྲྭ་དེ་ནང་ སློབ་ཕྲུག་ […]

gyalchi
Special News

ཀུན་གསལ་ཕོ་བྲང་གི་ སྟོན་པ་རྡོར་གདན་མ་ལུ་ ཞལ་གསེར་བསྐྱར་ལོག་ཕུལ་ཏེ་ བཀྲ་ཤིས་རབ་གནས་གནང་ཡོདཔ།

སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་ཆེན་དང་བསྟུན་ཏེ་ ཀུན་གསལ་ཕོ་བྲང་གི་ སྟོན་པ་རྡོར་གདན་མ་ལུ་ ཞལ་གསེར་བསྐྱར་ལོག་ཕུལ་ཏེ་ བཀྲ་ཤིས་རབ་གནས་གནང་ཡི། རབ་གནས་དེ་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་མཆོག་གིས་ མཛད་གནང་ཡོདཔ་ད་ དེ་བསྒང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་གཅིག་ཁར་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ བྱོན་གནང་ནུག། སྟོན་པ་རྡོ་གདན་མ་ལུ་ ཞལ་གསེར་བསྐྱར་ལོག་ཕུལ་ནི་དང་ ཉམས་གསོ་ཞུ་ནི་གི་ ལས་འགུལ་དེ་ཡང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་སྟོན་ ཐེངས་ ༧༠ པའི་ རྗེས་དྲན་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས། ལས་འགུལ་དེ་གི་དོན་ལུ་ མ་དངུལ་ཚུ་ འབྲུག་གཞུང་གི་ཁ་ཐུག་ལས་ གནང་ཡོད་རུང་ ཞལ་འདེབས་ཕུལ་ནི་གི་ དང་འདོད་ཡོད་མི་ཚུ་ལུ་ཡང་ གོ་སྐབས་ཚུ་གནང་ཡོདཔ་ལས་ དད་ལྡན་སེལ་སྐྱ་ཕོ་མོ་ སྟོང་ཕྲག་ལས་བཅད་མི་ཚུ་གིས་ ཏི་རུ་དང་ གསེར་གྱི་ཞལ་འདེབས་ཚུ་ཕུལ་ནུག། ཞལ་གསེར་བསྐྱར་ལོག་ཕུལ་མི་ སྟོན་པ་རྡོར་གདན་མ་དེ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ སྐུ་ཚེ་ཞབས་པད་བརྟན་ནི་དང་ འགྲོ་བ་ཡོངས་ཀྱི་ ཕན་བདེ་ལུ་ ཆེད་དུ་དམིགས་ཏེ་ཨིན་པའི་གནས་ཚུལ།

gyalchi

National News

National News

ཀ་ཊར་རྒྱལ་ཁབ་ཀྱི་ ཨ་མིར་འོགམ་ལུ་ འབྲུག་གི་སྐུ་ཚབ་ཀྱིས་ ངོ་སྤྲོད་ཡིག་ཆ་ཕུལ་ཡོདཔ།

སྤྱི་ཟླ་ ༡༡ པའི་ཚེས་ ༡༨ ལུ་ ཀུ་ཝིཊ་རྒྱལ་ཁབ་ནང་ གཞི་གནས་ཡོད་མི་ འབྲུག་རྒྱལ་གཞུང་གི་སྐུ་ཚབ་ ཕུརཔ་རྡོ་རྗེ་གིས་ དོ་ཧ་ཨ་མིར་ཕོ་བྲང་ནང་སྦེ་ ཀ་ཊར་གྱི་ ཨ་མིར་འོགམ་ ཤེག་ཨབ་དུ་ལ་བིན་ ཧ་མཱད་བིན་ ཁ་ལི་ཕ་ཨཱལ་ཐཱ་ནི་ལུ་ གཞུང་ཚབ་ཀྱི་ ངོ་སྤྲོད་ཡིག་ཆ་ཚུ་ཕུལ་ནུག། སྐུ་ཚབ་ཕུརཔ་རྡོ་རྗེ་དེ་ ཀ་ཊར་རྒྱལ་ཁབ་ལུ་ འབྲུག་གི་སྐུ་ཚབ་ དང་པ་ཨིནམ་ད་ ཁོ་གིས་ སྤྱི་ཟླ་ ༡༡ པའི་ཚེས་ ༡༦ ལུ་ སྐུ་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཚུ་གི་ འདྲ་བཤུས་རེ་ ཀ་ཊར་གྱི་ ཕྱི་འབྲེལ་བློན་པོ་ སུལ་ཏཱན་བིན་ ཨཱལ་མུ་རའི་ཁི་ལུ་ཡང་ ཕུལ་ཡོདཔ་ཨིན་པས། འབྲུག་དང་ ཀ་ཊར་རྒྱལ་ཁབ་ཀྱི་བར་ན་ དོན་གཅོད་མཐུན་འབྲེལ་དེ་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༡༠ པའི་ནང་ གཞི་བཙུགས་མཛད་གནང་ཡོད་པའི་གནས་ཚུལ།

gyalchi
National News

རྒྱལ་སྤྱི་ཞི་བའི་མཁའ་འགྲུལ་གྱི་ མཐུན་གྲོས་འཕྲི་སྣོན་ ༢༠༢༦ ཅན་མ་ ངོ་སྤྲོད་དང་ གསུང་གྲོས་གནང་ཡོདཔ།

སྤྱི་ཟླ་ ༡༡ པའི་ཚེས་ ༡༦ ལུ་ འབྲུག་གི་རྒྱལ་ཡོངས་ཚོགས་སྡེའི་ བཞུགས་རིམ་ ༣ པའི་ནང་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་བློན་པོ་གིས་ རྒྱལ་སྤྱི་ཞི་བའི་མཁའ་འགྲུལ་གྱི་ མཐུན་གྲོས་འཕྲི་སྣོན་ ༢༠༢༦ ཅན་མའི་ ངོ་སྤྲོད་ཕུལ་ནུག། མཐུན་གྲོས་འདི་  སྤྱི་ཚོགས་ ༤ པའི་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཐེངས་ ༥ པའི་ནང་ ཆ་འཇོག་གྲུབ་སྟེ་ རྒྱལ་ཡོངས་ཚོགས་སྡེ་ལུ་འབྱོར་ཡོདཔ་ད་ ངོ་སྤྲོད་ནང་ བློན་པོ་གིས་ མཐུན་གྲོས་ཀྱི་རྩ་ཚན་ ༥༠ (ཀ) པ་དང་ ༥༦ འཕྲི་སྣོན་མཛད་དགོ་པའི་ རྒྱུ་མཚན་དང་ རྒྱབ་སྣོན་ཆ་འཇོག་འབད་དགོ་པའི་ བདེན་ཁུངས་ཚུ་བཀོད་ཡོདཔ་ཨིན་པས། དེ་གི་ཤུལ་ལས་ མཐུན་གྲོས་འདི་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ ཁྲི་འཛིན་གྱིས་ མཐུན་གྲོས་ཀྱི་ རྩ་ཚན་ཁག་ ༢ ཆ་འཇོག་གི་དོན་ལུ་ གྲོས་འཆར་ཕུལ་ཡོད་མི་འདི་ ཚོགས་དམངས་ལུ་ གསལ་ཞུ་ཕུལ་ནུག། དེ་ཡང་ རྩ་ཚན་ ༥༠ (ཀ) པ་འདི་འབད་བ་ཅིན་ ཚོགས་སྡེའི་འཐུས་མི་ཁ་གྲངས་ ༣༦ […]

gyalchi
National News

འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༦ པའི་ འགོ་འབྱེད་རྟེན་འབྲེལ།

མགོན་པོ་རྡོ་རྗེ། སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་ ༦ པ་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ བཞུགས་གྲལ་རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྒོ་ལས་ དབུ་བཙུགས་གནང་ཡི། སྤྱི་ཟླ་ ༡༢ པའི་ཚེས་ ༢༨ ཚུན་ འཚོགས་གནང་ནི་ཨིན་མི་ ཚོགས་བཞུགས་དེ་ནང་ སྤྱིར་བཏང་གཞུང་གི་དཔྱད་ཡིག་ཁག་ ༤ དང་ སྒེར་གྱི་འཐུས་མིའི་དཔྱད་ཡིག་ཁག་ ༢ རྩིས་ཏེ་ དཔྱད་ཡིག་བསྡོམས་ ༦ གུ་ གསུང་གྲོས་གནང་ནི་ཨིནམ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ གྲོས་གཞི་ནང་བཀོད་ནུག། དེ་ལས་ སྤྱི་ཚོགས་ལྷན་བཞུགས་ནང་ ཧེ་མ་ ཞལ་འཆམས་མ་བྱུང་མི་ དཔྱད་ཡིག་ཁག་ ༢ དང་ རྒྱལ་སྤྱིའི་གན་རྒྱ་ ༡ ལུ་ རྒྱབ་སྣོན་ཆ་འཇོག་གནང་ནིའི་དོན་ལུ་ བྱ་སྒོ་རིམ་པའི་གྲས་ཁར་ བཙུགས་ཡོད་པའི་གུ་ ཚོགས་ཆུང་གི་སྙན་ཞུ་དང་ གྲོས་ཆོད་དང་ལེན་གྱི་ སྙན་ཞུ་ཚུ་ལུ་ཡང་ གསུང་གྲོས་གནང་ནི་གི་ ལས་རིམ་ཡོདཔ་ཨིན་པས། གཞུང་གི་དཔྱད་ཡིག། འབྲུག་གི་གཏེར་ཁ་དང་ གཏེར་རྫས་དཔྱད་ཡིག་ ༢༠༢༦ […]

gyalchi
National News

འབྲུག་གི་རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༨ པ་ བཞུགས་གྲལ་ཕུན་སུམ་ཚོགས་པའི་སྒོ་ལས་ འགོ་བཙུགས་གནང་ཡོདཔ།

གནམ་ལོ་མེ་རྟ་ཟླཝ་ ༡༠ པའི་ཚེས་ ༣ སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༨ པ་འདི་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ མཛད་རིམ་དང་བཅསཔ་སྦེ་ འགོ་བཙུགས་གནང་ཡི། སྤྱི་ཟླ་ ༡༢ པའི་ཚེས་ ༢༦ ཚུན་ ཧ་ལམ་ཟླ་ངོ་ཕྱེད་དང་ ༢ ཀྱི་རིང་ལུ་ཚོགས་གནང་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༨ པའི་ནང་ གནད་དོན་ཁག་ ༦ དེ་ཅིག་ལུ་ གསུང་གྲོས་གནང་སྟེ་ ཆ་འཇོག་མཛད་ནི་ཨིན་པས། དེ་ཡང་ ཚོགས་ཐེངས་ ༣༧ པའི་ གྲོས་ཆོད་དང་ལེན་གྱི་ སྙན་ཞུ་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ ༢༠༢༥–༢༠༢༦ ཅན་མའི་གུ་ བསྐྱར་ཞིབ་སྙན་ཞུ། འབྲུག་གི་སོ་ནམ་ལས་སྡེའི་ནང་ མ་རྩ་གཞི་བཙུགས་ཀྱི་ བསྐྱར་ཞིབ་སྙན་ཞུ། འབྲུག་གི་ཁྱིམ་བཟོའི་གནས་སྟངས་གུ་ བསྐྱར་ཞིབ་སྙན་ཞུ། འབྲུག་གི་གཉེན་འབྲེལ་(འཕྲི་སྣོན་) དཔྱད་ཡིག་ ༢༠༢༦ ཅན་མ་དང་ རྒྱལ་སྤྱི་ཞི་བའི་མཁའ་འགྲུལ་གྱི་ མཐུན་གྲོས་ […]

gyalchi

World News

World News

ཡུ་ཀེ་རེན་གྱིས་ ཀི་རི་མི་ཡའི་ཟམ་ལུ་ གནོད་འཚུབ་ལན་ཐེངས་ ༣ བཀལ་ཡོདཔ།

བི་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༡༩ ལུ་ ར་ཤི་ཡའི་ འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱིས་ བདུན་ཕྲག་འདི་ནང་ར་ ཀི་རི་མི་ཡའི་ ཟམ་དེ་ཁར་ ལན་ཐེངས་ ༣ གྱི་རིང་ལུ་ གནོད་འཚུབ་བཀལ་ཡི་ཟེར་ཨིན་པས། དེ་ཡང་ ར་ཤི་ཡ་གིས་ དབང་བཟུང་འབད་མི་ ཀི་རི་མི་ཡ་དང་ ར་ཤི་ཡའི་བར་ན་ མཐུད་སྦྲེལ་འབད་མི་ ཟམ་དེ་ཁར་ ཡུ་ཀེ་རེན་གྱིས་ གནོད་འཚུབ་བཀལ་བའི་ཤུལ་ལུ་ གནས་སྐབས་ཅིག་གི་དོན་ལས་ འགྲུལ་སྐྱོད་བཀག་ཆ་འབད་དེ་བཞག་ནུག། དེ་མ་ཚད་ བདུན་ཕྲག་འདི་ནང་ ཧེ་མ་ལས་ར་ ཟམ་དེ་ཁར་ ལན་ཐེངས་ ༢ གནོད་འཚུབ་བཀལ་ཏེ་ གནོད་སྐྱོན་སྦོམ་སྦེ་ར་ བྱུང་པའི་ཁར་ ཟམ་གྱི་ཆ་ཤས་ཅིག་ཡང་ གཙང་ཆུའི་ནང་ བུད་སོངཔ་ལས་ ཉེན་ཁ་ཅན་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས། ཡུ་ཀེ་རེན་གྱིས་ གལ་གནད་ཆེ་བའི་ གཞི་རྟེན་དེ་ཁར་ དུས་ཡུན་རིངམོ་ཅིག་ལས་ར་ དམིགས་གཏད་བསྐྱེད་དེ་ཡོདཔ་ད་ དེ་ཡང་ ར་ཤི་ཡ་གིས་ དམག་འཁྲུག་ནང་ བཅའ་སྒྲིག་དང་ རྟགས་མཚན་ཅན་གྱི་ རྒྱུ་དངོས་ཅིག་སྦེ་ ངོས་འཛིན་འབད་ནི་དེ་གིས་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

gyalchi
World News

ར་ཤི་ཡ་དམག་སྡེའི་ གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ གནམ་གྲུ་དེ་ནང་ཡོད་མི་ ༡༩ པོ་ག་ར་ལུ་ཤི་རྐྱེན།

བི་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༡༨ ལུ་ ར་ཤི་ཡའི་ སྲུང་སྐྱོབ་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་དམག་སྡེའི་ སྐྱེལ་འདྲེན་གནམ་གྲུ་ཅིག་ སི་བི་རི་ཡ་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ གནམ་གྲུ་དེ་ནང་ འཕུར་འགྲུལ་འབད་མི་ འགྲུལ་པ་ ༡༩ པོ་ག་ར་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས། དེ་ཡང་ གནམ་གྲུ་ཨེན་ ༡༢ འབད་མི་དེ་ དུས་ཚོད་བཀོད་མི་དང་འཁྲིལ་ཏེ་ འཕུར་འགྲུལ་འབད་བའི་སྐབས་ལུ་ ཀེ་མེ་རོ་ཝོ་ ལུང་ཕྱོགས་ཀྱི་ མི་མེད་ལུང་སྟོང་ཅིག་ནང་ ས་ཁར་བུད་ཡོདཔ་སྦེ་ སྲུང་སྐྱོབ་ལྷན་ཁག་ལས་ གསལ་བཤད་འབད་ནུག། ད་རུང་ སྲུང་སྐྱོབ་ལྷན་ཁག་ལས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་ ༡༡ པའི་ཚེས་ ༡༧ ལུ་ ཐུག་རྐྱེན་བྱུང་མི་ གནམ་གྲུ་དེ་གི་ འཕྲུལ་ཆས་ལུ་ གནོད་སྐྱོན་བྱུང་ཡོད་པའི་ དོགས་ཟོན་ཡོད་རུང་ ར་ཤི་ཡའི་ དབང་འཛིན་ཚུ་གིས་ ཞིབ་དཔྱད་མཐིལ་ཕྱིན་སྦེ་ར་ ལག་ལེན་འཐབ་པའི་བསྒང་ཡོད་ཟེར་ཨིན་པས། དེ་སྦེ་ ཐུག་རྐྱེན་བྱུང་པའི་སྐབས་ལུ་ གནམ་གྲུ་དེ་ཁར་ མེ་རྐྱེན་སྦོམ་སྦེ་ར་ བྱུང་ཡོདཔ་ལས་ གློ་བུར་གདོང་ལན་སྡེ་ཚན་གྱིས་ ཚ་ངེར་བཏོན་ཏེ་ […]

gyalchi
World News

ཨི་རཱན་གྱིས་ བྷ་རེན་ལུ་ཡོད་མི་ ཡུ་ཨེཛ་དམག་སྡེའི་ མངོན་གསལ་འཕྲུལ་ཆས་རིམ་ལུགས་ལུ་ གནོད་འཚུབ་བཀལ་ཡོདཔ།

བི་བི་སི། སྤྱི་ཟླ་ ༡༡ པའི་ཚེས་ ༡༧ ལུ་ ཨི་རཱན་གྱིས་ མཁའ་དམག་འཕྲུལ་ཆས་ ཌྲཱོན་ལག་ལེན་འཐབ་སྟེ་ བྷ་རེན་ལུ་ཡོད་མི་ ཡུ་ཨེཛ་དམག་སྡེའི་ མངོན་གསལ་འཕྲུལ་ཆས་རིམ་ལུགས་ལུ་ གནོད་འཚུབ་བཀལ་ཡོདཔ་མ་ཚད་ ཧོར་མུཛ་མཚོ་གླིང་ནང་ ས་སྣུམ་སྐྱེལ་འདྲེན་འབད་མི་ གྲུ་གཟིངས་ཅིག་གི་ ལས་བྱེདཔ་ཚུ་ཡང་ བྱང་སྟོར་ཤོར་ཡོདཔ་སྦེ་བཀོད་ནུག། དེ་ཡང་ ཨི་རཱན་གྱི་ ཨིཛ་ལཱ་མིག་དམག་སྡེ་གིས་ བྷ་རེན་གྱི་ ཤེག་ཨི་ས་ལུ་ཡོད་མི་ ཡུ་ཨེཛ་གི་ མངོན་གསལ་འཕྲུལ་ཆས་རིམ་ལུགས་ལུ་ དམིགས་གཏད་བསྐྱེད་དེ་ གནོད་འཚུབ་བཀལ་ཡོདཔ་སྦེ་ བཤད་ཡོདཔ་ཨིན་པས། དེ་བསྒང་ བྷ་རེན་ལུ་ཡོད་མི་ ཡུ་ཨེཛ་དམག་སྡེ་ རུ་ཁག་ ༥ པ་གིས་ བཀག་ཆ་འབད་ཡོདཔ་ལས་ མི་ལུ་ཤི་རྐྱེན་དང་ གནོད་སྐྱོན་ཚུ་ བྱུང་ཡོད་པའི་ སྙན་ཞུ་མེདཔ་སྦེ་ གསལ་བཀོད་འབད་ནུག། ཀ་ཊར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཧ་ལམ་ཟླཝ་ ༩ དེ་ཅིག་ལང་མི་ དམག་འཁྲུག་དེ་ མཇུག་བསྡུ་ནིའི་དོན་ལས་ ཉིནམ་དེ་ཁར་ དོ་ཧ་ལུ་སྦེ་ ཀ་ཊར་དང་ ཨི་རཱན་གྱི་ འགོ་དཔོན་ཚུ་གི་བར་ན་ གསུང་གྲོས་གནང་ནི་གི་ ལས་རིམ་སྡོད་ཅི་ཟེར་ཨིན་པས། ཨི་རཱན་གྱི་ […]

gyalchi
World News

མ་ནི་ལ་ལུ་ ཤར་ལྷོ་ཨེ་ཤི་ཡའི་ རྒྱལ་ཁམས་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས།

རོའི་ཊརཛ། སྤྱི་ཟླ་ ༡༡ པའི་ཚེས་ ༡༥ ལས་ འགོ་བཙུགས་ཏེ་ མ་ནི་ལ་ལུ་ ཤར་ལྷོ་ཨེ་ཤི་ཡའི་ རྒྱལ་ཁམས་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས་ འཚོགས་གནང་ནི་ཨིནམ་ད་ ཞལ་འཛོམས་དེ་ཡང་ མི་ཡཱན་མར་ དྲག་པོའི་དམག་སྡེའི་ རྒྱབ་སྐྱོར་ཐོག་གི་ འགོ་ཁྲིདཔ་ཚུ་ ཆེ་མཐོའི་ཞལ་འཛོམས་ཚུ་ནང་ གྲལ་གཏོགས་འབད་ནི་མེདཔ་སྦེ་ ལོ་ངོ་ ༥ གི་རིང་ལུ་ བཀག་དམ་འབད་དེ་ཡོད་མི་དེ་ གུ་ཡངས་གཏང་ནིའི་སྐོར་ལས་ཨིན་པས། མི་ཡཱན་མར་གྱི་ ཁ་ཐུག་ལས་ ཚོགས་པ་དེ་ལུ་ ཨུ་ཚུགས་རྐྱབ་དོ་ཡོདཔ་ད་ མཐའ་ཡས་ལེན་དང་ རྒྱལ་ཁབ་གཞན་དག་པ་ཅིག་གིས་ མི་ཡཱན་མར་ལུ་ ནང་འཁྲུག་ལང་སྟེ་ཡོད་རུང་ མི་ཡཱན་མར་དང་གཅིག་ཁར་ འབྲེལ་བ་འཐབ་ནི་ ཡར་སེང་འབད་ནུག། ཤར་ལྷོ་ཨེ་ཤི་ཡའི་ རྒྱལ་ཁམས་ཚོགས་པའི་ནང་ མི་ཡཱན་མར་གྱི་ དམིགས་བསལ་ངོ་ཚབ་དང་ ཕི་ལི་པིན་གྱི་ ཕྱི་འབྲེལ་དྲུང་ཆེན་ མ་ཐེ་རེ་ས་ ལ་ཛ་རོ་གིས་འབད་བ་ཅིན་ བསྐྱར་ཞིབ་ཟིན་བྲིས་དང་ འདུམ་འགྲིག་ཐོག་ལུ་ཡོད་མི་ དོན་ཚན་ ༥ འབད་མི་ མོས་མཐུན་གྱི་ གནད་དོན་ཁག་དག་པ་ཅིག་ ཤར་ལྷོ་ཨེ་ཤི་ཡ་ རྒྱལ་ཁམས་ཚོགས་པའི་ འགོ་ཁྲིདཔ་ཚུ་ལུ་ གསལ་བཤད་ཕུལ་ནི་ཨིནམ་སྦེ་ བཤདཔ་ཨིནཔ་ཟེར་ […]

gyalchi

Advertisiments

News in English

Education

Education

ཀ་རྩོམ་མཆོད་རྟེན་བརྒྱ་དང་བརྒྱད་ ཉིན་གཅིག་ལ་བཞེངས་པའི་ བསྟོད་བསྔགས་བཀྲ་ཤིས་གཡས་སུ་འཁྱིལ་བ།

ཀ་དག་གདོད་མའི་མགོན་པོ་པདྨ་འབྱུང་། །ཁ་བཞི་ལྷ་ཡི་སྦས་གནས་དུར་ཤིང་འོག །ག་ནས་མཇལ་ཀྱང་མཛེས་སོ་དྲན་ཤེས་ཁྲོམ། །ང་ཅག་ཆོས་རྒྱལ་ཐུགས་ལས་བསྐྲུན་པ་ལགས། ། ཅ་ཅོ་སྒྲ་མེད་ཡིད་འོང་དགེ་ལེགས་ཕུག །ཆ་རྐྱེན་བླ་སྤྲུལ་གྲངས་མེད་སྤྱན་དྲངས་ནས། །ཇ་ཆང་འདོད་ཡོན་ལོངས་སྤྱོད་བརྒྱ་ཚོ་བཅས། །ཉ་མོ་ཆུ་རྩལ་ངོམ་བཞིན་དགྱེས་པའི་ངང་། ། ཏ་ཐ་ག་ཏའི་ཐུགས་རྟེན་བརྒྱ་དང་བརྒྱད། །ཐ་མལ་མི་ཡི་བློ་ལ་ཤོང་དཀའ་བའི། །ད་བར་འབྱུང་མེད་དུས་བཟང་ཉིན་གཅིག་ལ། །ན་མོ་མཐོང་གྲོལ་བྱང་ཆུབ་མཆོད་རྟེན་བཞེངས། ། པ་སངས་ལྟར་དཀར་རྒྱལ་པོའི་ཐུགས་བསྐྱེད་ཀྱི། །ཕ་གུ་དྲྭ་བ་དབང་གཞུའི་འདོད་སྣམ་དང་། །བ་གམ་བཀོད་ལེགས་གཟུངས་བཞུགས་བྱིན་ལྡན་བཅས། །མ་གྷ་དྷ་ཡི་མཆོད་སྡོང་གླིང་འདིར་བྱོན། ། ཙ་ད་གདན་སྟེང་བཅོམ་ལྡན་ཐུབ་དབང་རྗེ། །ཚ་ངར་ཉོན་མོངས་བདུད་བཞི་བཅོམ་པ་ཡི། །ཛ་ཡ་མངོན་པར་རྫོགས་པའི་གོ་འཕང་བརྙེས། །ཝ་ལེར་བྱང་ཆུབ་མཆོད་རྟེན་བཞེངས་པར་གྲགས། ། ཞ་ལྟར་མཐོ་བའི་མཆོད་རྟེན་གསེར་གྱི་ཏོག །ཟ་བེར་ཁྲི་སྟེང་བླ་ཆེན་བརྒྱ་ཕྲག་ནས། ། འ་འུར་མི་མང་མ་ཎི་གདངས་དབྱངས་ལེན། །ཡ་མཚན་རབ་གནས་གནང་ནས་གསོལ་བ་འདེབས། ། ར་བས་གངས་བསྐོར་འབྲུག་ཡུལ་དགེ་ལེགས་ཕུག །ལ་བ་ཆེ་འདྲའི་ཐབས་ཤེས་ཟུང་འཇུག་ཐོག །ཤཱ་ཀྱའི་རྗེས་འཇུག་ཐེག་པ་གསུམ་པོ་རྣམས། །ས་གསུམ་རབ་དགའི་སྒྲ་དབྱངས་གླིང་འདིར་སྒྲོགས། ། ཧ་ཅང་འཛམ་གླིང་ནད་མུག་མཚོན་གྱི་རྒུད། །ཨ་ཧོ་དཀར་ཕྱོགས་རྒྱལ་བའི་སྨོན་ལམ་འགྲུབ། །རྒྱལ་བསྟན་དར་ཞིང་དཔལ་འབྱོར་གོང་དུ་འཕེལ། །འཛམ་གླིང་ཞི་བདེའི་འབྱུང་བའི་བཀྲ་ཤིས་ཤོག ། ཅེས་པའང་འབྲུག་རྒྱལ་ལྔ་པ་ མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་ ཐུགས་དགོངས་ལས་འཁྲུངས་པའི་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ནང་ སྔོན་ཆོས་རྒྱལ་མྱ་ངན་མེད་ནས་ མཆོད་རྟེན་བྱེ་བ་བཞེངས་པའི་ལོ་རྒྱུས་དང་ བར་དུ་བོད་སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོས་ བོད་ཡུལ་དང་ ཐག་ཉེ་ཡུལ་ལུང་རྣམས་སུ་ མཐའ་འདུལ་ཡང་འདུལ་གྱི་ ལྷ་ཁང་བརྒྱ་དང་བརྒྱད་ ཉིན་གཅིག་ལ་བཞེངས་པ་ལྟ་བུ། ད་ལྟ་འཛམ་གླིང་དམག་འཁྲུགས་མཚོན་གྱི་རྒུད་པའི་དུས་རབས་ཉི་ཤུ་རྩ་གཅིག་པའི་དུས་འདིར་ […]

gyalchi
Education

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གི་ གསུང་རྩོམ་ཕྱོགས་བསྡེབས།

༈ རྒན་བཞུགས་སྐྱིད་པའི་གླིང་གི་གནས་ལ་བསྟོད་པ། ཀ་ནས་ལྷུན་གྱིས་གྲུབ་པའི་རི་བོ་ཡི་སྤོ་ལ། །ཁ་དོག་སྣ་ཚོགས་བཀྲ་བ་ལྗོན་ཤིང་གི་སྐྱེད་ཚལ། །ག་ནས་བལྟས་ཀྱང་གཞན་ཡིད་དབང་མེད་དུ་འཕྲོག་པའི། །ང་ཚོ་རྒན་བཞུགས་སྐྱིད་པའི་གླིང་མཆོག་འདི་དགའ་བ། །ཅ་ཅོ་རང་སེམས་དགའ་བའི་མཚོན་བྱེད་ཀྱི་གླུ་དབྱངས། །ཆ་ལུགས་རང་དབང་མཚོན་པའི་གོས་བཟང་གིས་བརྒྱན་ ནས། །ཇ་སོགས་སྡིག་ཟས་སྤངས་པའི་འདོད་ཡོན་ལ་ལོངས་སྤྱོད། །ཉ་མོའི་འཁྱུག་ལྟར་མཛེས་པའི་ཡོན་བདག་རྣམས་སྐྱིད་པ། །ཏ་ཐཱ་ག་ཏའི་བསྟན་ལ་ཡུན་རིང་དུ་ཚངས་སྤྱོད། །ཐ་མ་ན་སོ་རྒས་ཤིང་དབང་པོ་རྣམས་རྒུད་དུས། །ད་ལྟ་ཚེ་རིང་ནགས་ཀྱི་དྲང་སྲོང་དེ་བཞིན་དུ། །ན་རྒན་བདེ་ལ་རོལ་བའི་གནས་མཆོག་ནི་འདི་ཡིན། །པ་ཏྲའི་རི་མོ་ལྟ་བུའི་བདག་འཛིན་དེ་མེད་ལ། །ཕ་རོལ་གཞན་སེམས་མགུ་བའི་སྤྱོད་པ་ཡང་མི་དགོས། །བ་ལང་མཆོག་ལྟར་ཅི་དགར་བག་ཡངས་སུ་ཆོག་པ། །མ་ལུས་འགྲོ་བའི་མངའ་བདག་མི་དབང་གི་སྐུ་དྲིན།། ཙ་རི་ཏྲ་ལ་སོགས་པའི་གནས་ཆེན་དང་མཚུངས་ཀྱང་། །ཚ་གྲང་དཀའ་སྤྱད་མ་དགོས་འདི་ཉིད་ཀྱི་ཡོན་ཏན། །ཛ་ལང་དུག་ལྔའི་ངོ་བོ་འཛིན་མེད་ཀྱི་རིག་པ། ། ཝ་ལེར་རྟོགས་པ་ཤར་བའི་གནས་མཆོག་ནི་འདི་ཡིན། །ཞྭ་གོས་ལ་སོགས་ལོངས་སྤྱོད་དོན་གཉེར་གྱི་ཆེད་དུ། །ཟ་ཆོག་ཙམ་ལ་སྦྱངས་པའི་གང་ཟག་ནི་མ་ཡིན། །འ་ཅག་བསྟན་དང་འགྲོ་ལ་གཅེས་པ་ཡི་སེམས་ཀྱིས། །ཡ་མཚན་ཆོས་ལ་སྤྱོད་པའི་སྐྱེས་བུ་ཞིག་ལགས་སོ། །ར་ལུག་སོགས་ཀྱི་འགྲོ་ལ་འཚེ་བ་དེ་སྤངས་ཤིང་། །ལྭ་བ་དཀར་པོ་ལྟ་བུའི་དྲི་མེད་ཀྱི་ལྷག་བསམ། །ཤ་ཚ་གྲོགས་བཞིན་གཞན་ཕན་བྱ་བ་ལ་བརྩོན་ནས། །ས་སྟེང་ནད་མུག་འཁྲུག་རྩོད་ཞི་བར་ནི་གྱུར་ཅིག །ཧ་ཅང་ཉམས་དགའ་སྐྱིད་པའི་གླིང་མཆོག་འདིར་་་་ཕེབས་ནས། །ཨ་ཡིག་སྐྱེ་མེད་དོན་ལ་ངལ་གསོ་ཞིག་མཛད་ན། །ད་བཞུགས་ཕྱིས་འབྱོན་སྐྱེས་བུ་སུ་འདྲ་ཞིག་ཡིན་རུང་། །བདེ་ཆེན་ཞིང་དུ་བགྲོད་པའི་སྨོན་ལམ་ཞིག་ཡོད་དོ། །ཅེས་པའང་མཁན་རབས་བདུན་ཅུ་པས་བྲིས་སོ།།

gyalchi

Browse the Archive

Newsletter

Online now: 5 Today: 1941 Total visitors: 98078
23,740Facebook followers
+99Today
+1,641This month