རྒྱ་གར་སེ་རམ་གཙུག་སྡེ་གིས་ ནད་ཡམས་ཀོ་ཝིཌ་-༡༩ གི་ སྨན་ཁབ་བཟོ་བསྐྲུན་མཚམས་འཇོག།

ཨེན་ཌི་ཊི་ཝི།
འཛམ་གླིང་ནང་ སྨན་ཁབ་བཟོ་བསྐྲུན་དང་ བཀྲམ་སྤེལ་འབད་མི་ གཙོ་ཅན་ཅིག་ཨིན་མི་ རྒྱ་གར་སེ་རམ་གཙུག་སྡེ་གིས་ ནད་ཡམས་ཀོ་ཝིཌ་-༡༩ གི་ སྨན་ཁབ་བཟོ་བསྐྲུན་འབད་ནི་ མཚམས་འཇོག་འབད་ནུག།
དེ་ཡང་ མཛོད་ཁང་ནང་ སྨན་ཁབ་ལྷག་ལུས་ ས་ཡ་ ༢༠༠ ཡོད་ནི་དེ་གིས་ཨིནམ་ད་ སེ་རམ་གཙུག་སྡེའི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྨན་ཁབ་དེ་ཚུ་ དུས་ཚོད་ལས་ ཡོལ་འགྱོ་ནི་ཨིནམ་ལས་ དགོས་མཁོ་ཡོད་མི་ཚུ་ལུ་ རིན་མེད་སྟོང་མར་ ཞལ་འདེབས་སྦེ་ བྱིན་དོ་ཟེར་ཨིན་པས།
སྨན་ཁབ་དེ་ ན་ཧིང་ སྤྱི་ཟླ་ ༡༢ པའི་ནང་ལས་ར་ བཟོ་བསྐྲུན་འབད་ནི་ མཚམས་འཇོག་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།