གཞུང་གི་ཁ་ཐུག་ལས་ རྒེད་དྲུང་ཚུ་ ལུ་ དགོངས་ཞུའི་གསོལ་རས།

བདེ་སྐྱིད་ཆོས་སྒྲོན། སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༤ པའི་ ཚེས་ ༡ ལས་ འགོ་བཙུགས་ཏེ་ ལོ་ངོ་ ༡ གི་རིང་ལུ་ གཞུང་གི་ཁ་ཐུག་ལས་ རྒེད་དྲུང་ཚུ་ལུ་ དམིགས་བསལ་གྱི་ ཟླ་རིམ་གཞི་རྟེན་དངུལ་ཕོགས་དང་ ཐོབ་ལམ་གཞན་ཚུ་ཡང་ གནང་ནི་སྦེ་ གྲོས་ཐག་བཅད་གནང་ནུག། དེ་ཡང་ རྒེད་དྲུང་ཚུ་གི་ ཁག་ འབག་གནས་ཡུན་ ཚང་མི་དང་བསྟུན་ ཏེ་ སྤྱི་ཟླ་ ༤ པའི་ཚེས་ ༦ ལུ་ མི་རྗེ་ བློན་ཆེན་མཆོག་གིས་ འཛིན་སྐྱོང་ བཀའ་རྒྱ་གནང་ཐོག་ལས་ རྒེད་དྲུང་ གི་ གོ་གནས་དེ་ ཆ་མེད་བཟོ་ཡོདཔ་ ཨིན་པས། ཨིན་རུང་ སྤྱི་ཟླ་ ༤ པའི་ཚེས་ ༢༩ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་ རིང་གིས་ མཚན་རྟགས་བཀོད་ཐོག་ ལས་ རྫོང་བདག་ཚུ་ལུ་ ཡིག་ཚང་ བཀོད་རྒྱ་བཏང་མིའི་ནང་ རྒེད་དྲུང་ཚུ་ གིས་ ད་ཚུན་གྱི་བར་ན་ ཞབས་ཏོག་ གང་དྲག་ཞུ་བའི་ ངོས་འཛིན་ལུ་ ཟླ་ རིམ་གཞི་རྟེན་དངུལ་ཕོགས་དང་ ཐོབ་ ལམ་གཞན་ཚུ་ཡང་ གནངམ་ཨིན་ཟེར་ བཀོད་ནུག།

 ཐོབ་ལམ་དེ་ཡང་ མི་དབང་མངའ་ བདག་རིན་པོ་ཆེའི་ཞབས་ལས་ སྐྱིད་ སྡུག་སྦེ་ གནང་ཡོདཔ་ད་ ཐོབ་ལམ་དེ་ ལུ་བརྟེན་ཏེ་ རྒེད་དྲུང་གི་ ཁག་འབག་ གནས་ཡུན་ཚང་པའི་ཤུལ་ལུ་ མི་ཚེའི་ གནས་སྟངས་གསར་པའི་དོན་ལས་ གྲ་སྒྲིག་འབད་ནི་ལུ་ ལྷན་ཐབས་འབྱུང་ པའི་ རེ་བ་ཡོད་ཟེར་ཨིན་པས། སྤྱི་ཟླ་ ༤ པའི་ཚེས་ ༡ ལས་ འགོ་བཙུགས་ཏེ་ ལོ་ངོ་ ༡ གི་རིང་ལུ་ འབྲེལ་ཡོད་རྫོང་ཁག་ཚུ་གིས་ ཟླ་རིམ་ དངུལ་ཕོགས་དང་ ངལ་གསོའི་འཐུས་ ཚུ་ འཛིན་གྲོལ་འབད་ནི་ཨིན་མི་དེ་ཡང་ དངུལ་ཕོགས་བསྐྱར་ཞིབ་བཅའ་ ཁྲིམས་ ༢༠༡༩ ཅན་མ་དང་འཁྲིལ་ཏེ་ ཨིན་པས།

ད་རེས་ རྒེད་དྲུང་ ༡༩༤ ལུ་ ལོ་ངོ་ ༡ གི་ ཟླ་རིམ་གཞི་རྟེན་དངུལ་ཕོགས་ ཀྱི་དོན་ལས་ དངུལ་ཀྲམ་ས་ཡ་ ༣༨.༡༨ དང་ ངལ་གསོའི་འཐུས་ཚུ་གི་ དོན་ལས་ དངུལ་ཀྲམ་ས་ཡ་ ༦.༤༡ དེ་ཅིག་ གནས་ནི་ཨིན་པས། རྒེད་དྲུང་ཚུ་གིས་ ཟླཝ་ ༡ གི་ ངལ་གསོའི་འཐུས་ དངུལ་ཀྲམ་ ༡༥,༠༠༠ རེ་དང་ ག་དེམ་ཅིག་སྦེ་ ངལ་གསོ་མ་སྡོད་པ་ཅིན་ ཟླཝ་ ༡ གི་ དངུལ་ཕོགས་འཐོབ་ནི་ཨིནམ་ད་ རྒེད་ དྲུང་ཚུ་གི་ གཞི་རྟེན་དངུལ་ཕོགས་དེ་ དངུལ་ཀྲམ་ ༡༦,༡༢༠ ལས་ འགོ་ བཙུགསཔ་ཨིན་པས། དེ་བཟུམ་མའི་ ཐོབ་ལམ་ཚུ་ག་ར་ རྫོང་ཁག་ཚུ་གིས་ འཛིན་གྲོལ་གང་ མགྱོགས་འབད་དགོཔ་སྦེ་ བཀོད་ ཡོདཔ་མ་ཚད་ རྒེད་དྲུང་ཚུ་གིས་ ད་ ཚུན་གྱི་བར་ན་ རྒྱལ་ཁབ་དང་ མི་སེར་ ཚུ་ལུ་ ཕྱག་ཕྱིད་གང་དྲག་ཞུ་མི་ལུ་ཡང་ གཞུང་གི་ཁ་ཐུག་ལས་ བཀྲིན་དགའ་ ཚོར་ཡོད་ལུགས་ཚུ་ བཀོད་འདུག་པའི་ གནས་ཚུལ།