ཕྱི་ཁའི་དགྲ་བཏུལཝ་ལས། ནང་གི་གཉེན་སྐྱོངམ་དྲག། མོ་རེངས་མོའི་གྱོས་སྐོར་དང་། ཐལ་བའི་ལབ་རྩ་འདྲ། ལྷ་འདྲེ་མི་གསུམ་སྤྱོད་ལམ་ཅིག། ནང་རྫས་ལེགས་ངོ་མ་ཤེསཔ་ལས། པགས་ཀོའི་སྐྱོན་བཤད་མ་རྐྱབ། མེད་པར་འབག་ཤོག་དང་། ཤི་བ་ལོག་ཤོག་ཟེར་ཝ་མེད། ཁ་ཚིག་རླུང་གིས་འབག། ལཱ་སྐོར་སྤང་ནང་ལུས། བཅོམ་ལྡན་འདས་ལུ་ཀ་ཁ་སྟོན་མིན་དགོ། འཇིག་རྟེན་རྒས་པར་ལཱ་བཀོད་རྐྱབ་མིན་དགོ། ཞྭམོ་སེརཔོ་མགུ་ཏོག་ཁར་མཛེས། མེ་ཏོག་སེརཔོ་སྤང་ནང་མཛེས། དང་ཕུ་ང་ཡང་ཁྱོད་འདྲ། ཤུལ་ལས་ཁྱོད་ཡང་ང་འདྲ། ཁྱི་དང་ཨོ་རོ་བུད་མེད་གསུམ། སྦྱིན་པ་གཏང་པའི་གྲལ་མི་ཚུད། གཞོན་དུས་སེམས་ཀྱིས་མ་འབད། རྒས་དུས་ལུས་ཀྱིས་མ་ལྕོགས། རང་མ་ཤེསཔ་རོགས་ལུ་དྲིས། སྐྱིད་རུང་ཉལ་ཏེ་མ་ཟ། སྡུག་རུང་ལོང་སྟེ་མ་ཟ། བཤད་ཐོ་མང་ཚེ་རྫུན་གཏམ་འཐོན། བྱ་བ་མང་ཚེ་འཐུས་ཤོར་མང་།