པདྨ་དགའ་ཚལ་ གཡུ་རུང་རྒེད་འོག་ནང་ གུང་སྟོང་ལུ་བརྟེན་ཏེ་ རི་དྭགས་སེམས་ཅན་ཚུ་གི་དཀའ་ངལ།

སྒྲོལ་མ་ཡེ་ཤེས།
པདྨ་དགའ་ཚལ་ གཡུ་རུང་རྒེད་འོག་ནང་ལས་ མི་སེར་ཚུ་ གནས་སྤོ་འགྱོ་ནི་དེ་གིས་ རྒེད་འོག་དེ་ནང་ གུང་སྟོང་གི་ གྱངས་ཁ་མཐོ་ཤོས་ཡོདཔ་ད་ གུང་སྟོང་ཐོན་མི་ལུ་བརྟེན་ཏེ་ རི་དྭགས་སེམས་ཅན་ཚུ་ འཁྱམས་སྡོད་སའི་ ས་ཁོངས་ཅིག་ལུ་ གྱུར་ཡོདཔ་ལས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་བའི་ དཀའ་ངལ་དེ་ བསལ་མ་ཚུགས་པར་ཡོད་ཟེར་ཨིན་པས།
དེ་ཡང་ སྐྱེས་ལོ་ ༣༣ འབད་མི་ གཡུ་རུང་རྒཔོ་ སངས་རྒྱས་འཕྲིན་ལས་ཀྱིས་ བཤད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ གུང་སྟོང་ཐོན་མི་ ས་ཁོངས་ནང་ ནགས་ཚལ་ལུ་ གྱུར་མི་ཚུ་ སེལ་ཏེ་འབད་རུང་ ཕན་ཐོགས་མ་ཚུགས་པའི་ཁར་ རི་དྭགས་སེམས་ཅན་ཚུ་ བཀག་ཐབས་ལུ་ གློག་རྒྱུན་གྱི་ རཝ་བསྒོར་མི་གིས་ཡང་ ཕན་ཐོགས་འབྱུང་མ་ཚུགས་ཟེར་ཨིན་པས།
རྒེད་འོག་དེ་ཁར་ སྤྱི་འོག་ ༥ གི་ནང་ གུང་གྲངས་ ༤༠༢ དང་ གུང་སྟོང་ ༡༡༨ ཡོདཔ་ད་ མི་རློབས་ ༢,༧༤༢ ལྷགཔ་ཅིག་ཡོདཔ་ཨིན་པས།
སངས་རྒྱས་འཕྲིས་དེ་ ས་གནས་གཞུང་གི་ བཙག་འཐུ་ཐེངས་ ༢ ཀྱི་ནང་ལས་ རྒ་པོའི་གོ་གནས་ཁར་ བཙག་འཐུ་གྲུབ་ཡོདཔ་ད་ དེ་ཡང་ ཁོ་གིས་ བརྒྱད་འདུ་ཚོང་རིག་མཐོ་རིམ་སློབ་གྲྭའི་ནང་ལས་ ཤེས་ཡོན་མཇུག་བསྡུ་བའི་ཤུལ་ལུ་ ས་གནས་གཞུང་གི་ བཙག་འཐུ་ཐེངས་ ༢ པ་ སྤྱི་ལོ་ ༢༠༡༦ ལོར་ འགོ་འདྲེན་འཐབ་པའི་སྐབས་ལུ་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྒ་པོའི་གོ་གནས་ཁར་ བཙག་འཐུ་གྲུབ་ནུག།
དེ་བཟུམ་སྦེ་ སྤྱི་ལོ་ ༢༠༢༡ ལུ་ བཙག་འཐུ་ཐེངས་ ༣ པའི་ནང་ཡང་ ལོག་སྟེ་ར་ རྒ་པོའི་གོ་གནས་ཁར་ བཙག་འཐུ་གྲུབ་ཡོདཔ་ཨིན་པའི་གནས་ཚུལ།