འཛམ་གླིང་རྒྱལ་སྤྱི་དང་ ནད་ཡམས་ཀོ་ཝིཌ་-༡༩ མཐོ་ཤོས་ཐོབ་མི་ རྒྱལ་ཁབ་ ༥ གི་གནས་སྟངས།

ཝཱལ་ཌོ་མེ་ཊར།
སྤྱི་ཟླ་ ༤ པའི་ཚེས་ ༡༦ གི་ ཉི་མྱུར་ཆུ་ཚོད་ ༢.༣༠ ཚུན་ལུ་ འཛམ་གླིང་རྒྱལ་ཁབ་ཚུ་ནང་ མི་ངོམ་ཡོངས་བསྡོམས་ ༥༠༣,༨༧༣,༡༦༩ དེ་ཅིག་ལུ་ ནད་ཡམས་ཀོ་ཝིཌ་-༡༩ ཐོབ་ཡོད་མིའི་གྲས་ལས་ མི་གྲངས་བསྡོམས་ ༤༥༤,༣༩༢,༢༤༢ དེ་ཅིག་ དྲག་ཡོད་རུང་ ༦,༢༢༠,༧༠༤ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ ནདཔ་བསྡོམས་ ༤༣,༢༦༠,༢༢༣ དེ་ཅིག་ཡོདཔ་ཨིན་པས།
དེ་ཡང་ འཛམ་གླིང་ནང་ ནད་ཡམས་མཐོ་ཤོས་ཐོབ་མི་ རྒྱལ་ཁབ་ ༥ གི་གྲས་ལས་ ཨ་མི་རི་ཀ་ལུ་ ནད་ཡམས་ཐོབ་མི་ ༨༢,༢༩༥,༧༦༨ དེ་ཅིག་ལས་ ༨༠,༡༩༢,༣༧༤ དེ་ཅིག་ དྲག་ཡོད་རུང་ ནདཔ་ཡོངས་བསྡོམས་ ༡,༡༥༡,༠༣༧ དེ་ཅིག་ཡོདཔ་ད་ མི་ངོམ་ ༡,༠༡༤,༣༥༧ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
དེ་ལས་ ནད་ཡམས་ཐོབ་མི་ མཐོ་ཤོས་ཨང་ ༢ པ་ རྒྱ་གར་ལུ་ ནད་ཡམས་ཐོབ་མི་ ༤༣,༠༤༠,༩༤༧ དེ་ཅིག་ལས་ མི་ངོམ་ ༤༢,༥༠༧,༨༣༤ དེ་ཅིག་ དྲག་ཡོདཔ་ད་ མི་གྲངས་ ༥༢༡,༧༧༦ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ ནདཔ་ ༡༡,༣༣༧ དེ་ཅིག་ཡོདཔ་ཨིན་པས།
ནད་ཡམས་ཐོབ་མི་ མཐོ་ཤོས་ཨང་ ༣ པ་ བ་ར་ཛིལ་ལུ་ ནད་ཡམས་ཐོབ་མི་བསྡོམས་ ༣༠,༢༤༧,༣༠༢ ལས་ མི་གྲངས་ ༢༩,༡༩༩,༩༠༣ དེ་ཅིག་ དྲག་ཡོད་རུང་ ནདཔ་ ༣༨༥,༤༣༩ ཡོདཔ་ད་ མི་གྲངས་ ༦༦༡,༩༦༠ ལུ་ ཤི་རྐྱེན་བྱུང་ནུག།
དེ་བཟུམ་སྦེ་ ནད་ཡམས་མཐོ་ཤོས་ཐོབ་མི་ ཨང་ ༤ པ་ ཕ་རཱནཛ་ཨིནམ་ད་ རྒྱལ་ཁབ་དེ་ནང་ ནད་ཡམས་ཐོབ་མི་བསྡོམས་ མི་གྲངས་ ༢༧,༥༧༢,༧༩༡ ལས་ མི་གྲངས་ ༢༤,༧༧༥,༣༣༨ དེ་ཅིག་ དྲག་ཡོདཔ་ད་ མི་གྲངས་ ༡༤༤,༠༦༡ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ ནདཔ་ ༢,༦༥༣,༣༩༢ ཡོདཔ་ཨིན་པས།
དེ་ལས་ ནད་ཡམས་མཐོ་ཤོས་ཐོབ་མི་ ཨང་ ༥ པ་ ཇར་མ་ནི་ལུ་ མི་གྲངས་ ༢༣,༣༦༥,༥༠༤ དེ་ཅིག་ལུ་ ནད་ཡམས་ཐོབ་ཡོད་རུང་ མི་གྲངས་ ༡༩,༨༠༢,༧༠༠ དེ་ཅིག་ དྲག་ཡོདཔ་ད་ མི་ངོམ་ ༡༣༣,༣༠༦ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ ད་རེས་ ནདཔ་ ༣,༤༢༩,༤༩༨ དེ་ཅིག་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: