སྒྲོལ་མ་ཡེ་ཤེས། སྤྱི་ཟླ་ ༤ པའི་ཚེས་ ༢༩ ལུ་ མངོན་མཐོ་ཁྲིམས་འདུན་ལས་ འཁྲུན་ ཆོད་གནང་ཚར་བའི་ཤུལ་ལུ་ ཀྲོང་ གསར་རྫོང་བདག་བགྲེསཔ་ ལྷབ་རྡོ་རྗེ་ གིས་ ངན་ལྷད་བཀག་སྡོམ་ལྷན་ ཚོགས་ཀྱི་ མདོ་ཆེན་ཅིག་ལུ་ གྱི་ གསོབ་བྱིན་ནུག། དེ་ཡང་ མངོན་མཐོ་ཁྲིམས་འདུན་ གྱི་ སྒྲིང་ཁྱིམ་ནང་ར་ གསོབ་བྱིན་ཡོདཔ་ ད་ དེ་བསྒང་ ཁྲིམས་སྲུང་འགག་པ་ ༢ ལས་ མེད་པའི་ཁར་ ཉེས་འཛུགས་ཅན་ ཚུ་ དོ་དམ་ནང་ འཁྱིད་འགྱོ་ནི་གི་ གྲ་ སྒྲིག་ཡང་ མེདཔ་ཨིན་པས།
མ་གཞི་ དུས་རྒྱུན་འབད་བ་ཅིན་ ཁྲིམས་ཀྱི་འདུན་ས་ལས་ འཁྲུན་ཆོད་ གནང་ནི་དང་འབྲེལ་ཏེ་ ཁྲིམས་སྲུང་ འགག་སྡེ་ལུ་ རྩིས་སྤྲོད་འབདཝ་ཨིན་ རུང་ དེ་ཚེ་ འཁྲུན་ཆོད་གནང་པའི་ཤུལ་ ལུ་ རྩ་ཕན་ཚུ་ག་ར་ མཉམ་ཅིག་སྦེ་ ཕྱི་ ཁར་འཐོན་པའི་སྐབས་ལུ་ རྐྱེན་ངན་དེ་ བྱུང་ཡོད་རུང་ སྲུང་རྒྱབ་ཁ་སྐོང་མེདཔ་ ལས་ ལྷན་ཚོགས་ཀྱི་ འགོ་དཔོན་དང་ སྙན་གསན་ནང་འོང་མི་ ནང་མི་ཚུ་ གིས་ བར་འཛུལ་འབད་དེ་ ཁ་ཕྱལ་ བཏང་ནུག། དེ་སྦེ་ འགོ་དཔོན་ལུ་ གསོབ་བྱིན་ མི་ གྱི་ཅུང་དེ་ རྒྱ་ནག་ལས་ཐོན་མི་ གཡུ་ པ་དང་གཅིག་ཁར་ རིང་ཚད་སེན་ཊ་མི་ ི ཊར་ ༢༤ ལྷགཔ་ཅིག་ཡོད་མི་དེ་ བྱ་ངན་ བྱུང་སར་ཡོད་མི་ ཕྱགས་སྙིགས་ཧོད་ནང་ བཀོག་བཞག་ནུག་ཟེར་ཨིནམ་ད་ ལྷབ་ རྡོ་རྗེའི་ ནང་མི་ཚུ་གིས་ ཁྲིམས་འདུན་གྱི་ ཕྱི་ཁ་ལས་ སྐད་ཤུགས་སྦེ་རྐྱབ་སྟེ་ སོང་ ཡོདཔ་ཨིན་པས།
ཀུན་གསལ་ནང་ བཀོད་དོ་བཟུམ་ འབད་བ་ཅིན་ ཁྲིམས་འདུན་ལས་ ཕྱི་ ཁར་ཐོནམ་ཅིག་ ལྷབ་རྡོ་རྗེ་གིས་ མདོ་ ཆེན་གྱི་ མིང་བཏོན་ཏེ་ ཁྱོད་ངལ་རངས་ ཡི་ག་ཟེར་ སླབ་ནི་དང་འབྲེལ་ཏེ་ གྱི་ བླུགས་བྱིན་ཡོདཔ་ལས་ ལྷན་ཚོགས་ ཀྱི་ འགོ་དཔོན་གཞན་ཚུ་གིས་ བཀག་ དགོཔ་བྱུང་ནུག་ཟེར་ཨིན་པས།
རྩོད་བཤེར་དེ་ ཧེ་མ་ལས་ རྩོད་ རྙོགས་ཅན་ཅིག་ལུ་ གྱུར་ཡོད་མི་དེ་ ཡང་ ཆེ་མཐོ་ཁྲིམས་འདུན་ལས་ འཁྲུན་ཆོད་གནང་པའི་སྐབས་ལུ་ཡང་ ལྷབ་རྡོ་རྗེའི ནང་མི་ཚུ་གིས་ ཁྲིམས་ འདུན་གྱི་ ས་ཁོངས་ནང་ སྐད་རྐྱབ་ ཡོདཔ་ལས་ ཉེན་སྲུང་དང་འབྲེལ་བའི་ དཀའ་ངལ་བྱུང་ནུག། སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༨ པའི་ ཚེས་ ༦ ལུ་ ཆེ་མཐོ་ཁྲིམས་ཁྲི་ ༢ པ་ ལས་ ལྷབ་རྡོ་རྗེ་ལུ་ ཉེས་འཛུགས་ ཁག་ ༨ ཀྱི་ཐོག་ལས་ བཙོན་ཁྲིམས་ ལོ་ ༥ དང་ ཁོ་གི་གནས་ཚང་ ཀརྨ་ ཚུལ་ཁྲིམས་སྒྲོལ་མ་དང་ བྲག་སྟེང་ རྒཔོ་བགྲེསཔ་ བསྟན་འཛིན་ལུ་ ལོ་ངོ་ ༦ རེའི་ བཙོན་ཁྲིམས་བཀལ་མི་དེ་ ཁྲིམས་འཐུས་བཏབ་མི་ཆོག་ནི་ཨིན་ རུང་ ས་འཇལ་པ་ ན་ར་ཡཱན་དང་གཱལ་ ལུ་ ལོ་ ༡ དང་ ཟླ་ངོ་ ༦ གི་ བཙོན་ ཁྲིམས་བཀལ་མི་དེ་ ཁྲིམས་འཐུས་ བཏབ་ཆོགཔ་སྦེ་ཨིན་པས།
རྩོད་བཤེར་དེ་ ཀརྨ་ ཚུལ་ཁྲིམས་ སྒྲོལ་མ་གིས་ ཚུལ་མིན་ཐོག་ལས་ ནུབ་སྦིས་རྒེད་འོག་ མཐོ་མང་བྲག་དང་ སྟག་རྩེ་ལས་ མཁོ་སྒྲུབ་འབད་བའི་ ཉེས་འཛུགས་འབད་མི་དེ་ རྩོད་དཔོན་ ཡོངས་ཁྱབ་ཡིག་ཚང་ལས་ སྤྱི་ལོ་ ༢༠༡༧ ལུ་ ཁྲིམས་འགལ་འབད་བའི་ སྒྲུབ་བྱེད་མིན་འདུག་ཟེར་ རྩོད་བཤེར་ མ་འབད་བར་ བཞག་པའི་ཤུལ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འགོ་བཙུགས་ཡོད་པའི་གནས་ཚུལ།