
ཡིག་ཚང་ལས་བྱེདཔ།
སྤྱི་ཟླ་ ༥ པའི་ཚེས་ ༡༡ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤུ་ན་ཁ་ གླིང་ཀ་ནང་ ཕོ་བྲང་ནང་སྦེ་ རྫོང་ཁག་ ༢༠ གི་ རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་ཚུ་ལུ་ བཀྲ་ཤིས་ལེགས་དར་གནང་ནུག།
དེ་ཡང་ རྫོང་ཁག་ཚོགས་འདུ་འདི་ རྫོང་ཁག་ནང་ གྲོས་ཆོད་འདུས་ཚོགས་ མཐོ་ཤོས་ཅིག་ཨིནམ་ད་ ཁྲི་འཛིན་ཚུ་ རྫོང་ཁག་རང་སོའི་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གི་ནང་ལས་ བཙག་འཐུ་འབདཝ་ཨིན་པས།
དེ་བསྒང་ མི་དབང་མཆོག་གིས་ ན་ཧིང་ རྒྱལ་ཡོངས་དུས་ཆེན་གྱི་ཉིན་མར་ འབྲུག་རྒྱལ་ཁབ་ཀྱི་དོན་ལུ་ གསུངས་གནང་མི་ མི་དབང་ཞབས་ཀྱི་ དགོངས་བཞེད་དང་ མ་འོངས་པའི་ ཐུགས་ཀྱི་ཚ་གྱང་ཚུ་ རྒྱས་ཤིང་རྒྱསཔ་སྦེ་ གསུངས་གནང་ནུག།
དེ་མ་ཚད་ ཁྲི་འཛིན་ཚུ་གིས་ གསར་བཏོད་འབད་མི་ ལས་དོན་རེ་རེ་བཞིན་གྱིས་ མི་སེར་ལུ་ ཁེ་ཕན་དང་ ལོངས་སྤྱོད་དང་ལྡནམ་སྦེ་ བཟོ་ནི་ལུ་ ཕན་ཐོགས་དྲག་ཤོས་ ག་དེ་སྦེ་ འབྱུང་ནི་ཨིན་ནའི་སྐོར་ལས་ ལམ་སྟོན་འབད་དགོ་པའི་ དྲན་གསོ་ཚུ་ཡང་ གསུངས་གནང་འདུག་པའི་གནས་ཚུལ།