
བི་བི་སི།
སྤྱི་ཟླ་ ༥ པའི་ཚེས་ ༢༩ ལུ་ མཁའ་འགྲུལཔ་ ༢༢ འབག་སྟེ་ འཕུར་འགྲུལ་འབད་མི་ ནེ་པཱལ་གྱི་ གནམ་གྲུ་ཆུང་ཀུ་ཅིག་ གར་སོང་མེད་པར་ བྱང་སྟོར་ཤོར་མི་དེ་ སྲོག་སྐྱབས་འབད་མི་ཚུ་གིས་ སྤྱི་ཟླ་ ༥ པའི་ཚེས་ ༣༠ ལུ་ མི་རོ་ ༢༢ དང་བཅསཔ་སྦེ་ འཚོལ་ཐོབ་ནུག།
དེ་ཡང་ ནེ་པཱལ་གྱི་ གངས་རི་མཐོ་ཚད་ཕིཊི་ ༡༢,༨༢༥ (མི་ཊར་ ༣,༩༠༠) འབད་མི་ཅིག་ནང་ ཐུག་རྐྱེན་བྱུང་ཡོདཔ་ད་ པོག་རེལ་གནམ་ཐང་ལས་ དྲོ་པའི་ཆུ་ཚོད་ ༩.༥༥ ལུ་ འཕུར་འགྲུལ་འབད་མི་ གནམ་གྲུ་དེ་ ཆུ་ཚོད་ ༡༠.༠༧ ལས་ འབྲེལ་བ་འཐབ་མ་ཚུགསཔ་ཨིན་པས།
གནམ་གྲུ་དེ་ནང་ གནམ་གྲུའི་ལས་བྱེདཔ་ ༣ རྩིས་ཏེ་ མཁའ་འགྲུལཔ་ ༢༢ ཀྱི་གྲས་ཁར་ རྒྱ་གར་གྱི་ མི་ཁུངས་ ༤ དང་ ཇར་མཱན་གྱི་ མི་ཁུངས་ ༢ ཡོདཔ་ད་ དེ་ལས་ གཞན་མི་ ༡༦ པོ་ག་ར་ ནེ་པཱལ་གྱི་ མི་ཁུངས་ཨིན་པས།
ཀེ་ན་ཌ་ལུ་ བཟོ་བསྐྲུན་འབད་མི་ གནམ་གྲུ་དེ་ མི་ལོ་ ༥༠ དེ་ཅིག་ སོང་ཡོདཔ་ད་ གནམ་གྲུ་དེ་ ནེ་པཱལ་མཁའ་འགྲུལ་ལས་སྡེ་ ཏཱ་ར་ཟེར་མི་གིས་ ལག་ལེན་འཐབ་སྡོད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 1045
Users Yesterday : 1155
This Month : 48604
This Year : 228507
Total Users : 940323
Views Today : 1713
Total views : 2738337
Who's Online : 13