
བི་བི་སི།
ར་ཤི་ཡ་གིས་ ཡུ་ཀེ་རེན་དང་ དམག་འཁྲུག་ལང་ནི་ འགོ་བཙུགས་པའི་ཤུལ་ལུ་ ར་ཤི་ཡའི་སྲིད་འཛིན་ ཝེལ་ཌི་མིར་ པུ་ཊིན་དང་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་ ༢ དངོས་སུ་སྦེ་ མཇལ་ཕྲད་ཐོག་ལས་ གསུང་གྲོས་འགོ་དང་པ་ གནང་པའི་སྐབས་ལུ་ ཡུ་ཀེ་རེན་གྱི་སྐོར་ལས་ རྒྱ་ནག་ལུ་ ཚ་གྱང་ཡོད་ལུགས་ གསུངས་མི་དེ་ལུ་ པུ་ཊིན་གིས་ ངོས་ལེན་འབད་ནུག།
ཨུཟ་བེ་ཀིཛ་ཏཱན་ལུ་ པུ་ཊིན་གྱིས་ གསུངས་མིའི་ནང་ རྒྱ་ནག་གིས་ ཕྱོགས་རིས་མེད་པའི་ གནས་ཚད་བཟུང་མི་ལུ་ བཀྲིན་ཆེ་ལུགས་དང་ ཡུ་ཨེཛ་གིས་ འཛམ་གླིང་རྐྱང་ཕྱོགས་སྦེ་ བཟོ་ཐབས་སྒྲིག་མི་དེ་ མཐར་འཁྱོལ་མི་ཚུགས་ཟེར་ཨིན་པས།
རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་གིས་ ར་ཤི་ཡ་དང་གཅིག་ཁར་ རྒྱ་སྦོམ་པའི་ རྒྱལ་ཁབ་སྦེ་ མཉམ་འབྲེལ་གྱི་ ལཱ་ཚུ་འབད་ནིའི་ རེ་འདོད་ཡོད་ཟེར་གསུངས་ཡོདཔ་ད་ ད་རེས་ ར་ཤི་ཡ་གིས་ ཡུ་ཀོ་རེན་ རྒྱལ་ཁབ་ནང་ བཙན་འཛུལ་འབད་དེ་ཡོད་མི་དེ་ལུ་ རྒྱ་ནག་གིས་ ངོས་ལེན་འབད་དེ་མེད་རུང་ བཙན་འཛུལ་འབད་བའི་ཤུལ་ལུ་ རྒྱ་ནག་དང་ ར་ཤི་ཡ་འི་བར་ན་ ཚོང་འབྲེལ་དང་ འབྲེལ་བ་གཞན་ཚུ་ཡང་ ཡར་སེང་སོང་སྟེ་ཡོདཔ་ཨིན་པས།
ས་གནས་ས་ མར་ཀན་ཌི་ལུ་ ཤང་ཧའེ་མཉམ་འབྲེལ་ཚོགས་པའི་ དབུ་ཁྲིད་ཞལ་འཛོམས་ནང་ གྲལ་གཏོགས་གནང་པའི་ཞོར་ཁར་ རྒྱ་ནག་དང་ ར་ཤི་ཡའི་སྲིད་འཛིན་ ༢ མཇལ་ཕྲད་མཛད་ནི་དེ་ཡང་ ཡུ་ཀེ་རེན་གྱི་ དམག་འཁྲུག་ནང་ ར་ཤི་ཡའི་ དམག་མི་ཚུ་གིས་ བཙན་འཛུལ་འབད་སའི་ ས་ཁོངས་ལ་ལོ་ཅིག་ ལོག་སྟེ་ར་ ཡུཀ་རེན་ལུ་ ཤོར་ཡོད་པའི་ དུས་སྐབས་དང་ ཁ་ཐུག་ཨིན་པས།
དེ་བསྒང་ སྲིད་འཛིན་པུ་ཊིན་གྱིས་ སྲིད་འཛིན་ཛི་ལུ་ ང་བཅས་ཀྱིས་ རྒྱ་ནག་གི་ མཐུན་བཤེས་ཚུ་གིས་ ཡུ་ཀེ་རེན་གྱི་ དམག་འཁྲུག་དང་འབྲེལ་ཏེ་ ཕྱོགས་རིས་མེད་པའི་ གནས་ཚད་བཟུང་མི་དེ་ལུ་ བརྩི་མཐོང་ཡོད་ཟེར་གསུངས་ནུག།
ར་ཤི་ཡའི་ སྲིད་འཛིན་དེ་ མདང་ཞག་ སྤྱི་ཟླ་ ༢ པའི་ནང་ ར་ཤི་ཡ་གིས་ ཡུ་ཀེ་རེན་ རྒྱལ་ཁབ་ནང་ བཙན་འཛུལ་འབད་བའི་ཤུལ་ལུ་ རྒྱལ་ཁབ་ཀྱི་ ཕྱི་ཁར་བྱོན་མི་དེ་ ཤོ་ཐེངས་ ༢ པ་ཨིན་པས།
དེ་སྦེ་ ཞལ་འཛོམས་གནང་པའི་ཤུལ་ལས་ རྒྱ་ནག་དང་ ར་ཤི་ཡའི་བར་ན་ མཐའ་དོན་གཙོ་བོ་ཚུ་དང་འབྲེལ་ཏེ་ གཅིག་གིས་གཅིག་ལུ་ རྒྱབ་སྐྱོར་སྒྲིང་སྒྲིང་སྦེ་ འབད་ནི་ཨིན་པའི་སྐོར་ལས་ བཀོད་དེ་ཡོད་པའི་ཁར་ ར་ཤི་ཡ་དང་ རྒྱ་ནག་རྒྱལ་ཁབ་ ༢ ཀྱིས་ ད་རེས་ འགྱུར་ལྡོག་ཅན་དང་ ཟིང་འཁྲུག་ཅན་གྱི་ འཛམ་གླིང་ནང་ རྒྱུན་བརྟན་གྱི་དོན་ལུ་ འགོ་ཁྲིད་ཀྱི་ འགན་ཁུར་ཡང་ འབག་ནི་ཨིན་ཟེར་ བཀོད་འདུགཔའི་གནས་ཚུལ།




Users Today : 1191
Users Yesterday : 2073
This Month : 3264
This Year : 183167
Total Users : 894983
Views Today : 2113
Total views : 2628937
Who's Online : 5