
ལྷག་པ་གྲུབ་པ།
དུས་ཅི་ རང་ཟླ་ ༨ པའི་ཚེས་ ༩ སྤྱི་ཟླ་ ༡༠ པའི་ཚེས་ ༤ ལས་ ཉིན་གྲངས་ ༣ གྱི་རིང་ལུ་ ཐིམ་ཕུའི་ལོ་བསྟར་ཚེས་བཅུ་ཨིནམ་ལས་ ཐིམ་ཕུ་རྫོང་ཁག་ནང་འཁོད་ཀྱི་ གཞུང་སྒེར་ལས་སྡེ་ཁག་གི་ ཡིག་ཚང་ཚུ་དང་ སློབ་གྲྭ་ཚུ་ག་ར་ གཞུང་འབྲེལ་ངལ་གསོ་སྦེ་ བཞག་གནངམ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༣ ལུ་ གཤིན་རྗེ་ཡབ་ཡུམ་དང་། ཤ་རྫམ། ཉུལ་ལེ་མ། རྒྱུག་གིང་། གྲི་གིང་། རྔ་གིང་། གཏེར་འཆམ། སྒྲ་སྙན་འཆམ་ཚུ་གི་ མཇལ་ཁ་གནང་ནི་དང་།
སྤྱི་ཟླ་ ༡༠ པའི་ཚེས་ ༤ ལུ་ ཞྭ་ནག་ ༢༡ མ་དང་། ཞྭ་ནག་རྔ་འཆམ། སྐྱེལ་འཆམ། ཕོ་ལེགས་མོ་ལེགས། དགྲ་མེད་རྩེའི་རྔ་འཆམ། ཤཝ་མཐའ་ལས་གཏོན་པའི་ གར་འཆམ་ཚུ་ སྟོན་ནི་ཨིན་པས།
དེ་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༥ ལུ་ དུར་བདག་དང་། གཏུམ་རྔམ། རཀྴ་འགོ་འཆམ། རཀྴ་དམངས་འཆམ་ཚུ་གི་སྐོར་ལས་ མི་མང་ལུ་ མཇལ་ཁ་གནང་ནི་དང་།
སྤྱི་ཟླ་ ༡༠ པའི་ཚེས་ ༦ ལུ་ གསེར་སྦྲེང་བེར་སྐོར་དང་། གུ་རུ་མཚན་བརྒྱད། དཔའ་འཆམ། རིག་མ་བཅུ་དྲུག་འཆམ། དུར་བདག། ཚོགས་ལིང་། གིང་འཆམ། རིག་མ་བཅུ་དྲུག། དཔའ་བོ་གཡུལ་ལུ་ཞུགས་པའི་འཆམ། དཔའ་བོ་དྲག་པོའི་དམག་འཛིང་ལུ་བསྐུལ་བའི་འཆམ། དཔའ་བོ་གཡུལ་ལས་རྒྱལ་བའི་འཆམ་ཚུ་ སྟོན་ཐོག་ལས་ འགྲོལ་གནང་ནི་ཨིན་པས།
ཐིམ་ཕུའི་ཚེས་བཅུ་འདི་ རབ་བྱུང་ ༡༢ པའི་ གནམ་ལོ་མེ་ཡོས་ སྤྱི་ལོ་ ༡༦༨༧ ལུ་ འབྲུག་གི་སྡེ་སྲིད་ཁྲི་རབས་ ༤ པ་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་གིས་ གཞི་བཙུགས་གནང་ཡོདཔ་ཨིན་པའི་གནས་ཚུལ།



Users Today : 555
Users Yesterday : 1379
This Month : 555
This Year : 229396
Total Users : 941212
Views Today : 1183
Total views : 2740226
Who's Online : 6