བི་བི་སི།
མི་ནག་ཚོང་གི་སྐོར་ལས་ ལྷོ་ཨིང་ལེན་གྱི་ སྐྱབས་སྦྱིན་ལས་སྡེ་ཅིག་ནང་ ཞུ་བ་ལྷོད་པའི་ཤུལ་ལས་ ཡུ་ཀེ་གཞུང་གིས་ མི་ནག་ཚོང་རྐྱབ་མི་དང་གཅིག་ཁར་ དྲི་བ་དྲིས་ལན་འབད་ནིའི་དོན་ལུ་ ཇེན་ཀོར་བིན་ཟེར་མི་ སྐྱབས་སྦྱིན་པ་ཅིག་ ཊར་ཀི་ལུ་ བཏང་ཡོདཔ་ཨིན་པས།
ཁོ་གིས་ ལས་རིམ་དེ་ ཟླ་ངོ་ ༣ དེ་ཅིག་ ཞིབ་འཚོལ་འབད་བའི་ཤུལ་ལས་ ཕྱི་རོ་གནམ་སྲོ་ཁམས་ཅིག་ཁར་ ཊར་ཀི་ལུ་ཨིན་མི་ ཨིཛ་ཊན་བཱུལ་གྱི་ ཁྱིམ་བར་ནའི་ གསང་ལམ་བདའ་སྟེ་ འགྱོ་བའི་ཤུལ་ལུ་ ཁྱིམ་གཅིག་ནང་ མི་ནག་ཚོང་རྐྱབ་མི་དང་ དངོས་སུ་སྦེ་ཕྱད་ནུག།
དེ་སྦེ་ ཁོ་དང་གཅིག་ཁར་ ཕྱད་ནིའི་དོན་ལུ་ ཟླཝ་ལས་བཅད་དེ་ འགོར་ཡོདཔ་མ་ཚད་ ཁོང་གི་བར་ན་ མི་བློ་གཏད་ཚུགས་མི་ཡང་ བཙུགས་ཐོག་ལས་ འགོ་འདྲེན་འཐབ་དགོཔ་ བྱུང་ཡི་ཟེར་ཨིན་པས།
དེ་ལས་ མཐའ་འཇུག་ལུ་ ཁོ་དང་ཕྱད་དེ་ བློ་སླབ་པའི་སྐབས་ལུ་ ཁོ་གི་ཚོང་སྒྱུར་ཚུ་ ཁ་གསལ་སྦེ་ སླབ་དགོ་པ་ཅིན་ ངེ་གི་མིང་དང་ ངོ་རྟགས་ཚུ་ གསལ་བསྒྲགས་འབད་ནི་ མི་འོང་ཟེར་ཨིནམ་ད་ དེ་བསྒང་ ཁོ་གི་སྲུང་རྒྱབ་ཚུ་ཡང་ ཁྱིམ་གྱི་མཐའ་བསྐོར་ཏེ་སྡོད་ནུག།
ཇེན་ཀོར་བིན་གྱིས་ མི་ནག་ཚོང་རྐྱབ་ནི་དེ་ ཁྲིམས་འགལ་ཨིན་ཟེར་ སླབ་པའི་ལན་ལུ་ ཁོ་གིས་ བྱམས་བརྩེའི་ཐོག་ལས་ མི་རྣམས་ཀུན་ལུ་ཕན་པའི་ ལཱ་འབདཝ་ཨིན་ཟེར་ སླབ་ཡོདཔ་མ་ཚད་ འགྲོ་བ་མི་ལུ་ གུས་ཞབས་ཡོད་པའི་གུ་ ཨམ་སྲུ་ལུ་ཡང་ ཆ་བཞག་དང་ གུས་ཞབས་སྦོམ་ཡོདཔ་ལས་ ཁོ་གིས་འབད་བ་ཅིན་ ཁྲིམས་འགལ་ལས་ མི་ལུ་ཆ་རོགས་འབད་ནི་དེ་ གཙོ་ཆེཝ་སྦེ་ བརྩིཝ་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
ཇེན་ཀོར་བིན་ ཊར་ཀི་ལུ་ འགྱོ་དགོ་མི་དེ་ཡང་ བི་བི་སི་གིས་ ཞིབ་དཔྱད་ཅིག་ རྒྱང་བསྒྲགས་འབད་བའི་ཤུལ་ལུ་ ཐག་བཅད་ཡོདཔ་ད་ མི་ནག་ཚོང་རྐྱབ་མི་དེ་གིས་ ད་རེས་ ཡུ་ཀེ་གཞུང་གིས་ སྐྱབས་འཚོལ་མི་ཚུ་ རུ་ཝཱན་ཌ་ལུ་ གཏང་ནི་སྦེ་ཡོད་མི་དེ་གིས་ ཁོ་ལུ་ གནོད་སྐྱོན་ག་ནི་ཡང་ མི་འབྱུང་ཟེར་ བཤད་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།