
བི་བི་སི།
ར་ཤི་ཡའི་ དམག་མི་ཚུ་གིས་ ད་རུང་ཡང་ ཡུ་ཀེ་རེན་གྱི་ གློག་མེ་མཐུན་རྐྱེན་ཡོད་སའི་ ས་སྒོ་ནང་ རྫས་བམ་བཀོག་སྟེ་ རྒྱལ་ས་ཀིབ་དང་ ཁྲོམ་སྡེ་གཞན་ཚུ་གི་ནང་ གློག་མེ་མེདཔ་བཏང་ནུག།
དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༡༨ ལུ་ དྲོ་པའི་ཆུ་ཚོད་ ༩ དེ་ཅིག་ཁར་ ཌོ་ནི་པོར་ གཙང་ཆུའི་མཐའ་མར་ཡོད་མི་ གློག་མེ་ཨམ་གྱི་ སྦོ་ལོགས་ཁ་ལས་ དུ་པ་གནམ་མེད་ས་མེད་ ཐོན་པའི་ཤུལ་ལུ་ ཆུ་དང་ མེ་གི་མཐུན་རྐྱེན་ཚུ་ མེདཔ་བཏང་ནུག་ཟེར་ཨིན་པས།
གནོད་འཚུབ་དེ་ ཀིབ་ལུ་ ཀ་མ་ཀ་ཟི་ རང་འགུལ་གནམ་གྲུ་ཆུང་བ་ཚུ་གི་ཐོག་ལས་ དྲག་བཅོམ་འབད་ཚར་ཏེ་ ཆུ་ཚོད་ ༢༤ གི་རྒྱབ་ལས་བཀལ་ནུག།
རང་འགུལ་གནམ་གྲུ་ཆུང་བའི་གུ་ མིང་རྟགས་ཚུ་ ག་ནི་ཡང་ བྲིས་ཏེ་མེད་རུང་ ཨི་རཱན་གྱིས་ བཟོ་ཡོད་པའི་དོགས་པ་ཡོདཔ་ཨིན་པས།
གནོད་འཚུབ་དེ་གིས་ རྒྱལ་ས་ཀིབ་ལུ་ མི་ ༥ དང་ བྱང་ཁ་ཐུག་གི་ཁྲོམ་སྡེ་ སུ་མེ་ཟེར་མིའི་ནང་ མི་ ༤ ལུ་ ཤི་རྐྱེན་དང་ ཁྱིམ་དང་ ལམ་གྱི་རྟེན་གཞི་ཚུ་ ལེ་ཤ་ཅིག་ མེདཔ་བཏང་པའི་ཁར་ གློག་མེ་བཀྲམ་སྤེལ་གྱི་ འཕྲུལ་ཨམ་ཚུ་གུ་ཕོག་སྟེ་ ཁྲོམ་སྡེ་དང་ གཡུས་ཚན་བརྒྱ་ཕྲག་ལུ་ མེ་དང་ ཆུའི་མཐུན་རྐྱེན་ཚུ་ མེདཔ་བཏང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1103
Users Yesterday : 1351
This Month : 42662
This Year : 222565
Total Users : 934381
Views Today : 2738
Total views : 2725245
Who's Online : 5