
བི་བི་སི།
རྒྱ་གར་ལུ་ ཨ་ལོ་དྲོད་འབར་རྐྱབ་སྟེ་ གློ་འཁོག་མི་ཚུ་ ས་གནས་ཀྱི་ དྲུང་འཚོ་ཚུ་གིས་ སྨན་ཡིག་བྱིན་མི་དང་འཁྲིལ་ཏེ་ གློ་སྨན་མངར་ཁུ་དེ་ བྱིན་མི་དེ་གིས་ ཨ་ལོ་ཚུ་ དྲག་ནི་མིན་པར་ ཧེང་སྐལ་ར་ ཁ་ལས་སྐྱུག་སྟེ་ དྲོད་འབར་རྐྱབ་པའི་སྟབས་ཀྱིས་ མཁལ་རྡོག་གིས་ ལཱ་འབད་མ་བཏུབ་ཨིན་པས།
ཨིན་རུང་ རྒྱུ་རྐྱེན་དེ་གི་སྐོར་ལས་ ཤེས་མ་ཚུགས་པའི་བར་ན་ ཨ་ལོ་ཟླ་ངོ་ ༢ ལས་ སྐྱེས་ལོ་ ༦ གི་བར་ན་འབད་མི་ ཨ་ལོ་ ༡༡ ལུ་ ཤི་རྐྱེན་བྱུང་ནུག།
རྒྱ་གར་གྱི་ སྨན་བཟོ་ལས་སྡེ་ ཌི་ཇི་ཊཱལ་ བི་ཞཱན་ཟེར་མི་གིས་ བཟོ་སྐྲུན་འབད་ཡོད་མི་ གློ་སྨན་གྱི་ དཔེ་ཚད་ ༣ དེ་ཅིག་ བརྟག་དཔྱད་འབད་བའི་ཤུལ་ལས་ སྨན་གྱི་རང་བཞིན་དེ་ ཚོས་གཞི་དམརཔོ་ བཟོ་ནིའི་དོན་ལུ་ སྣག་རྩི་དམརཔོ་བླུགས་ཏེ་ བཟོ་ཡོད་པའི་ གྲུབ་འབྲས་བྱུང་ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ སྤྱི་ཟླ་ ༡༠ པ་ འགོ་བཙུགས་ཁམས་ཅིག་ཁར་ གེམ་བི་ཡ་ལུ་ ཨ་ལོ་ ༦༦ ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ འཛམ་གླིང་གསོ་བའི་ལས་སྡེ་གིས་ རྒྱ་གར་གྱི་ གློ་སྨན་དཔེ་ཚད་ ༤ བསྡུ་ལེན་འབད་དེ་ བརྟག་དཔྱད་འབདཝ་ད་ གློ་སྨན་དེ་ནང་ ཚད་ལས་བརྒལ་བའི་ དྲན་མེད་བཟོ་ནི་གི་ སྨན་རྩི་བླུགས་ཡོད་པའི་ གྲུབ་འབྲས་བྱུང་ནུག།
དེ་འབདཝ་ལས་ འཛམ་གླིང་གསོ་བའི་ལས་སྡེ་གིས་ རྒྱ་གར་གྱི་ གློ་སྨན་ ༤ གནས་སྐབས་ཅིག་ ཚོང་འབྲེལ་འཐབ་མ་ཆོགཔ་སྦེ་ བཀག་དམ་འབད་བའི་ཁར་ འཛམ་གླིང་ལུ་ཡང་ ཉེན་བརྡ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 915
Users Yesterday : 1351
This Month : 42474
This Year : 222377
Total Users : 934193
Views Today : 2152
Total views : 2724659
Who's Online : 10