ཀོ་ལོམ་བི་ཡའི་ ཉེ་འདབས་ས་ཁོངས་ཅིག་ནང་ གནམ་གྲུ་ཆུང་ཀུ་ཅིག་ལུ་ ཐུག་རྐྱེན་བྱུང་ཏེ་ མི་གྲངས་ ༨ ལུ་ཤི་རྐྱེན།

ཨེ་བི་སི།

སྤྱི་ཟླ་ ༡༡ པའི་ཚེས་ ༢༡ ལུ་ ཀོ་ལོམ་བི་ཡའི་ ཉེ་འདབས་ས་ཁོངས་ཅིག་ནང་ གནམ་གྲུ་ཆུང་ཀུ་ཅིག་ལུ་ ཐུག་རྐྱེན་བྱུང་ཡོདཔ་ལས་ ལམ་འགྲུལཔ་ ༦ དང་ གནམ་གྲུའི་ལས་བྱེདཔ་ ༢ ལུ་ ཤི་རྐྱེན་བྱུང་ནུག།

དེ་ཡང་ ཀོ་ལོམ་བི་ཡ་ མེ་ཌེལ་ལིན་ཁྲོམ་སྡེའི་ ཨོ་ལེ་ཡ་ ཧེར་རེ་ར་ གནམ་ཐང་ལས་ འཕུལ་འགྲུལ་འབད་བའི་ཤུལ་ལུ་ བྱུང་ཡོདཔ་ད་ དེ་སྦེ་ ཐུག་རྐྱེན་བྱུང་མི་དེ་ གནམ་གྲུའི་འཕྲུལ་ཨམ་ལུ་ གནོད་སྐྱོན་བྱུང་པའི་སྐོར་ལས་ འབྲེལ་ཡོདཔ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: