
བི་བི་སི།
ཀེ་ན་ཌ་ལུ་ རྒྱལ་ཡོངས་གྲོས་འདེབས་ཅིག་ གསར་བཏོན་འབད་མི་དང་འཁྲིལ་བ་ཅིན་ མ་པ་ལས་ར་ ཆང་མ་འཐུང་པར་ སྡོད་ནི་དེ་ ཉེན་ཁ་མེད་པའི་ ཐབས་ལམ་ཅིག་འབདཝ་ལས་ གྲོས་འདེབས་དེ་ཡང་ རྒྱལ་ཁབ་དེ་ནང་ ཆང་རྩ་ལས་ར་ འཐུང་ནི་མེད་པའི་ ལམ་སྟོན་ཅིག་སྦེ་ གསར་བཏོན་འབད་ཡོདཔ་ཨིན་པས།
གལ་སྲིད་ ཆང་འཐུང་ར་འཐུང་དགོ་པ་ཅིན་ གཞུང་གི་རྒྱབ་སྐྱོར་ཡོད་མི་ ལམ་སྟོན་དེ་གིས་ ཉེན་ཁ་ཆུང་ཀུ་ཨིནམ་སྦེ་ ངོས་འཛིན་གྲུབ་མི་ ཚད་གཞི་ཐོག་ལུ་ བདུན་ཕྲག་རེར་ ཆང་བརྒྱ་ཆ་ ༥ རེ་འབད་མི་ བི་ཡར་དེ་ མི་ལི་ལི་ཊར་ ༣༥༤ རེ་འབད་མི་ ཤེལ་ཕོར་ ༢ རེ་དང་ ཆང་བརྒྱ་ཆ་ ༡༢ རེ་འབད་མི་ ཝ་ཡེན་དེ་ མི་ལི་ལི་ཊར་ ༡༤༧ རེ་འབད་མི་ ཤེལ་ཕོར་ ༢ རེ་ལས་ འཐུང་ནི་མི་འོང་ཟེར་བཀོད་ནུག།
ཧེ་མར་ སྤྱི་ལོ་ ༢༠༡༡ ལུ་ ཁྱབ་སྤེལ་འབད་མི་ ལས་སྟོན་ནང་ བདུན་ཕྲག་རེ་ལུ་ ཕོ་སྐྱེས་ཀྱིས་ དེ་བཟུམ་མའི་ ཆང་ཤེལ་ཕོར་ ༡༥ རེ་དང་ ཨམ་སྲུ་ཚུ་གིས་ ཤེལ་ཕོར་ ༡༠ རེ་ལུ་ ཚད་འཛིན་འབད་དེ་ཡོད་རུང་ ད་རེས་ ལེ་ཤ་ཅིག་གིས་ མར་ཕབ་འབད་ཡོད་མི་དེ་ཡང་ ཨོན་ཊེ་རི་ཡོའི་ མི་མང་འཕྲོད་བསྟེན་གྱི་ ཚན་རིག་པ་ཚུ་གི་ ལམ་སྟོན་གསརཔ་དང་འཁྲིལ་ཏེ་ཨིན་པས།
དེ་མ་ཚད་ ཆང་གི་རིགས་ལུ་ཡང་ ཏམ་ཁུའི་རིགས་དང་ ཅོག་འཐདཔ་སྦེ་ ཉེན་བརྡའི་ཡི་གུ་ཚུ་ སྦྱར་དགོཔ་སྦེ་བཀོད་ནུག།
དེ་བཟུམ་མའི་ ལམ་སྟོན་དེ་ གཙོ་བོ་ར་ ཆང་གི་རིགས་ཚུ་གིས་ གཟུགས་ཁམས་འཕྲོད་བསྟེན་ལུ་ གནོད་དོ་ཡོད་པའི་ནང་ལས་ཡང་ ཨོམ་དང་ ཕོཝ་ མགུ་ཏོག་ ལྐོདམ་ཚུ་གི་ ཀེན་སར་ཚུ་ ཐོབ་པ་ལུ་བརྟེན་ཏེ་ཨིན་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1404922
Views Today :
Total views : 5000
Who's Online :