
ལྷག་པ་གྲུབ་བ།
དུས་ཅི་ སྤྱི་ལོ་ ༢༠༢༣ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་ནང་ དོ་འགྲན་འབད་ནིའི་དོན་ལས་ ད་ཚུན་གྱི་བར་ན་ རྫོང་ཁག་ ༢༠ ལས་ འདེམས་ངོ་ ༡༣༠ ལྷགཔ་ཅིག་གིས་ ཐོ་བཀོད་འབད་ནུག།
དེ་ཡང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ ཚེ་གྲངས་གཏན་འཁེལ་ མ་བཟོ་ནི་དེ་གིས་ དང་འདོད་ཅན་གྱི་ འདེམས་ངོ་ཚུ་གིས་ ཐོ་བཀོད་འབད་བའི་བསྒང་ར་ཡོདཔ་ལས་ འདེམས་ངོའི་གྱངས་ཁ་དེ་ ཡར་སེང་འགྱོ་ནི་ཨིན་པས།
རྒྱལ་ཁབ་ནང་ རྒེད་འོག་ ༢༠༥ ཡོད་ས་ལས་ ད་ཚུན་གྱི་ ནང་འཁོད་ལུ་ རྒེད་འོག་ ༩༦ ལས་ མོ་ ༨ དང་ ཕོ་ ༡༢༢ འབདཝ་ད་ འདེམས་ངོ་བསྡོམས་ ༡༣༠ དེཅིག་གིས་ ཐོ་བཀོད་འབད་ནུག།
འདེམས་ངོ་ཚུ་ཡང་ གསར་སྤང་རྫོང་ཁག་ལས་ འདེམས་ངོ་ ༡༩ གིས་ ཐོ་བཀོད་འབད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ མགར་ས་དང་ བུམ་ཐང་ བཀྲིས་གཡང་རྩེ་ ཧཱ་རྫོང་ཁག་ ༤ ལས་ འདེམས་ངོ་ ༢ རེ་ ཐོན་མི་དེ་ དམའ་ཤོས་ཅིག་ཨིན་པས།
དེ་བཟུམ་སྦེ་ ལྷུན་རྩེ་དང་ ཐིམ་ཕུ་ ཀྲོང་གསར་རྫོང་ཁག་ ༣ ལས་ འདེམས་ངོ་ ༣ རེ་དང་ ཆུ་ཁ་རྫོང་ཁག་ལས་ འདེམས་ངོ་ ༤ པདྨ་དགའ་ཚལ་དང་ བཀྲིས་བསྒང་ ༢ ལས་ འདེམས་ངོ ༥ རེ་ ཐོན་ཡོདཔ་ད་ སྤུ་ན་ཁ་ལས་ འདེམས་ངོ ༦ དང་ གཞལམ་སྒང་དང་ སྤ་རོ་རྫོང་ཁག་ ༢ ལས་ འདེམས་ངོ ༧ རེ་གིས་ ཐོ་བཀོད་འབད་ནུག།
དེ་ལས་ དར་དཀར་ནང་ལས་ འདེམས་ངོ ༨ དང་ མོང་སྒར་དང་ དབང་འདུས་ཕོ་བྲང་ རྫོང་ཁག་ ༢ ལས་ འདེམས་ངོ ༩ རེ་ ཐོན་ཡོདཔ་ད་ བསམ་གྲུབ་ལྗོངས་མཁར་དང་ བསམ་རྩེ་རྫོང་ཁག་ ༢ ལས་ འདེམས་ངོ ༡༡ རེ་དང་ རྩི་རང་རྫོང་ཁག་ལས་ འདེམས་ངོ ༡༢ ཀྱིས་ ཐོ་བཀོད་འབད་ཡོདཔ་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1389190
Views Today :
Total views : 5000
Who's Online :