
རོའི་ཊརཛ།
འཛམ་གླིང་སྤྱི་ཚོགས་ཀྱི་ འདུས་ཚོགས་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡ་གིས་ ཡུ་ཀེ་རེན་ལུ་ དྲག་ཐོག་བཙན་འཛུལ་འབད་མིའི་ནང་ མི་གྲངས་ ༨,༥༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ གཏན་འཁེལ་བྱུང་སྟེ་ཡོདཔ་མ་ཚད་ གཞན་ཡང་ མི་སྟོང་ཕྲག་ལས་བཅད་དེ་ ཤི་རྐྱེན་བྱུང་མི་ཚུ་ གཏན་འཁེལ་འབད་མ་ཚུགས་པར་ ལུས་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།
དེ་ཡང་ འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་དབང་ཆ་ཚོགས་སྡེའི་ ཡིག་ཚང་ལས་ བཀོད་མིའི་ནང་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པའི་ཚེས་ ༢༤ ལས་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༤ པའི་ཚེས་ ༩ ཚུན་གྱི་ ཐོ་བཀོད་དང་འཁྲིལཝ་ད་ མི་གྲངས་ ༨,༤༩༠ ལུ་ ཤི་རྐྱེན་དང་ མི་གྲངས་ ༡༤,༢༤༤ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།
ཨིན་རུང་ ཡིག་ཚང་དེ་གིས་ ཡུན་རིང་གི་བར་ན་ ཤི་རྐྱེན་གྱི་ གྲངས་ཚད་དེ་ ཤི་རྐྱེན་ངོ་མ་བྱུང་མིའི་ གྲངས་ཚད་ལས་ ཁབ་རྩེ་ཙམ་ཅིག་ར་འོང་ཟེར་ ཡང་བསྐྱར་བཤད་ནུག།
དེ་སྦེ་ ཤི་རྐྱེན་བྱུང་མི་ མང་ཤོས་ཅིག་ར་ ཡུ་ཀེ་རེན་གྱི་ དབང་ཁྱབ་འོག་ལུ་ཡོད་མི་ ས་ཁོངས་ཚུ་གི་ནང་ལས་ཨིནམ་ད་ མི་གྲངས་ ༣,༩༢༧ འབད་མི་དེ་ ར་ཤི་ཡའི་ དམག་མི་ཚུ་གིས་ དྲག་གནོན་ཐོག་ལས་ དམག་འཁྲུག་ལང་སའི་ ཡུ་ཀེ་རེན་གྱི་མངའ་ཁོངས་ ཌོ་ནེཊཛ་དང་ ལུ་ཧཱནཛ་ལུང་ཕྱོགས་ནང་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
དེ་འབདཝ་ད་ ས་གནས་ལ་ལོ་ཅིག་ལས་ སྙན་ཞུ་ཚུ་ ཐོབ་མ་ཚུགས་པར་ཡོདཔ་ལས་ ཤི་རྐྱེན་གྱི་ གྱངས་ཁ་དེ་ ཡར་སེང་འགྱོ་ནི་ཨིནམ་སྦེ་ འཛམ་གླིང་སྤྱི་ཚོགས་ འགྲོ་བ་མིའི་དབང་ཆ་ཚོགས་སྡེའི་ ཡིག་ཚང་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1431244
Views Today :
Total views : 5000
Who's Online :