
པདྨ་དབང་འདུས།
སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༤ པའི་ཚེས་ ༢༠ ལུ་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་ནང་ ཨམ་སྲུ་ ༥ བརྩིས་ཏེ་ འདེམས་ངོ་ ༨༩ གིས་ གྲལ་གཏོགས་འབད་ནུག།
དེ་ཡང་ སྤྱི་ལོ་ ༢༠༡༨ ཀྱི་ བཙག་འཐུ་དང་ཕྱདཔ་ད་ བརྒྱ་ཆ་ ༢༩.༩༢ ཀྱིས་ མར་བབས་སོང་ཡོད་མི་དེ་ སྤྱི་ལོ་ ༢༠༡༨ ལུ་ ཨམ་སྲུ་ ༦ བརྩིས་ཏེ་ འདེམས་ངོ་ ༡༢༧ གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཨིན་རུང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་ ༤ པའི་ནང་ ཚོགས་རྒྱན་བཙུགས་མི་བསྡོམས་ ༢༦༥,༤༤༡ ཐོན་ཡོད་མི་དེ་ སྤྱི་ལོ་ ༢༠༡༨ དང་ཕྱདཔ་ད་ བརྒྱ་ཆ་ ༡༡.༦༤ གིས་ ཡར་སེང་སོང་ནུག།
སྤྱི་ལོ་ ༢༠༢༣ གྱི་ བཙག་འཐུའི་དོན་ལུ་ ཐོག་བཀོད་གྲུབ་པའི་ ཚོགས་རྒྱན་བཙུགས་མི་ ༤༨༥,༨༡༡ གི་གྲས་ཁར་ ཕོ་ ༢,༣༦,༧༣༩ དང་ མོ་ ༢,༤༩,༠༧༢ ཡོད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ དེ་ཡང་ སྤྱི་ལོ་ ༢༠༢༣ ལུ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ ༩༦,༥༧༢ ཐོན་མི་དེ་ སྤྱི་ལོ་ ༢༠༡༨ ལུ་ ༦༤,༩༡༢ ལས་ མེད་ནི་དེ་གིས་ ༣༡,༦༦༠ ཡར་སེང་སོང་ཡོདཔ་ཨིན་པས།
དུས་ཅི་ རྫོང་ཁག་ ༢༠ གི་ནང་ལས་ བཙག་འཐུ་གྲུབ་མི་ འཐུས་མི་ཚུ་གི་གྲས་ལས་ ཕོ་སྐྱེས་ ༡༩ དང་ ཨམ་སྲུ་ ༡ ཡོདཔ་ཨིན་པའི་གནས་ཚུལ།





Users Today : 2009
Users Yesterday : 4018
This Month : 110411
This Year : 547404
Total Users : 1259220
Views Today : 2525
Total views : 3324933
Who's Online : 8