
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ བདུན་ཕྲག་ ༡ གི་རིང་ལུ་ གཟིགས་སྐོར་གྱི་དོན་ལས་ ཆིབས་བསྐྱོད་གནང་མི་དེ་ མཇུག་བསྡུ་སྟེ་ སྤྱི་ཟླ་ ༤ པའི་ཚེས་ ༢༣ ལུ་ རྒྱལ་ས་ཐིམ་ཕུར་ ལོག་ཕེབས་གནང་ཡི།
མི་དབང་མཆོག་གིས་ སྤུ་ན་ཁ་དང་ རྩི་རང་ གསར་སྤང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ བསམ་རྩེ་ ཕུན་ཚོགས་གླིང་ཚུ་ནང་ གཟིགས་སྐོར་གནངམ་ད་ ལས་སྡེ་ཁག་གི་ འགོ་འཛིན་དང་ ཞི་གཡོགཔ་ མི་སྡེའི་འགོ་ཁྲིདཔ་ དེ་ལས་ སྒེར་སྡེའི་འཐུས་མི་ཚུ་དང་གཅིག་ཁར་ མཇལ་ཕྲད་མཛད་གནང་ནུག།
དེ་མ་ཚད་ མི་དབང་མཆོག་གིས་ མགྱོགས་འགྲོས་བདེ་སྲུང་སྦྱོང་བརྡར་ལས་རིམ་ ཤོ་ཐེངས་ ༥༧ པའི་ནང་ གྲལ་གཏོགས་འབད་མི་ཚུ་དང་ཡང་ མཇལ་ཕྲད་མཛད་ཡོདཔ་ད་ བདེ་བ་ཐང་དང་ བརྟན་འབྲུག་ བཀྲིས་ཆོས་གླིང་ འཇིགས་མེད་གླིང་ བཀྲིས་དགའ་ཚལ་ཚུ་ནང་ འགོ་འདྲེན་འཐབ་མི་ བདེ་སྲུང་སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ ༡,༡༥༩ བརྩིས་ཏེ་ ད་རེས་ རྒྱལ་ཁབ་ནང་ བདེ་སྲུངཔ་བསྡོམས་ ༣༨,༩༣༥ ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསམ་རྩེ་རྒྱ་མཚོ་གླིང་ལུ་ རྒྱལ་སྲུང་སློབ་སྡེ་ བཟོ་བསྐྲུན་གྱི་ ས་ཁོངས་ནང་ཡང་ གཟིགས་ཞིབ་གནང་ཐོག་ལས་ སྤུས་ཚད་ཅན་གྱི་ གཞི་རྟེན་མཁོ་ཆས་གོང་འཕེལ་གྱི་ ལཱ་གཡོག་དོན་ལུ་ རྒྱལ་སྲུང་ལས་རིམ་ནང་ སྦྱོང་བརྡར་འབད་མི་ བདེ་སྲུངཔ་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ནུག།
གཟིགས་སྐོར་སྐབས་ལུ་ མི་དབང་མངའ་ཞབས་མཆོག་གི་ ཕྱག་ཞུ་སྟེ་ མི་རྗེ་བློན་ཆེན་ བྱོན་ཡོད་པའི་གནས་ཚུལ།





Users Today : 126
Users Yesterday : 1476
This Month : 38639
This Year : 218542
Total Users : 930358
Views Today : 276
Total views : 2713877
Who's Online : 8