
པདྨ།
སྤྱི་ཟླ་ ༤ པའི་ཚེས་ ༢༢ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གསལ་བསྒྲགས་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཞི་གཡོགཔ་ཚུ་གི་ དགོངས་ཞུའི་ལོ་ཚད་དེ་ ལོ་ངོ་ ༡ ལས་ ༣ གྱི་བར་ན་ ཡར་སེང་འབད་ཡི་ཟེར་ཨིན་པས།
དེ་ཡང་ བཀོད་ཁྱབ་དང་ མཁས་མཆོག་གི་ དབྱེ་ཁག་ནང་ དགོངས་ཞུའི་ལོ་ཚད་ སྐྱེས་ལོ་ ༦༠ འབད་ས་ལས་ ༦༣ ལུ་དང་ ཁྱད་རིག་དང་ འཛིན་སྐྱོང་གི་ དབྱེ་ཁག་ནང་ སྐྱེས་ལོ་ ༥༨ འབད་ས་ལས་ ༦༠ ལུ་ ཡར་སེང་འབད་ནུག།
དེ་བཟུམ་སྦེ་ ལྟ་སྐྱོར་དང་ རྒྱབ་སྐྱོར་དབྱེ་ཁག་ནང་ དགོངས་ཞུའི་ལོ་ཚད་ སྐྱེས་ལོ་ ༥༨ འབད་ས་ལས་ ༥༩ ལུ་དང་ སྐྱེས་ལོ་ ༥༦ འབད་མི་དེ་ སྐྱེས་ལོ་ ༥༧ ལུ་ རིམ་པ་བཞིན་དུ་ ཡར་སེང་འབད་བའི་ཁར་ ལག་ལེན་དབྱེ་ཁག་ནང་ཡང་ སྐྱེས་ལོ་ ༥༧ ལུ་ ཡར་སེང་འབད་ཡོདཔ་ཨིན་པས།
ཞི་གཡོགཔ་ཚུ་གི་ དགོངས་ཞུའི་ལོ་ཚད་གཏན་འཁེལ་དེ་ ལོ་ངོ་བཅུ་ཕྲག་ ༢ དེ་ཅིག་གི་ཧེ་མར་ བཟོ་ཡོད་པའི་ཁར་ ད་རེས་ མིའི་ཚེ་ཚད་དེ་ཡང་ ལོ་ ༧༠.༢ ལུ་ ལྷོད་དེ་ཡོདཔ་ལས་ མི་སྟོབས་ལུ་ མ་རྩ་གཞི་བཙུགས་ལས་ ཁེ་འབབ་མཐོ་སུ་ཡོདཔ་ བཟོ་ནི་དང་ ལས་གཡོག་པའི་ གྱངས་ཁ་མར་ཉམས་ལུ་བརྟེན་པའི་ ཁྱད་པར་སེལ་ཐབས་ལུ་ཨིན་ཟེར་ གསལ་བསྒྲགས་ནང་ བཀོད་ཡོད་པའི་གནས་ཚུལ།





Users Today : 1409
Users Yesterday : 1351
This Month : 42968
This Year : 222871
Total Users : 934687
Views Today : 3506
Total views : 2726013
Who's Online : 5