མ་ཡན་མར་གྱི་ སྲིད་དོན་དང་འབྲེལ་བའི་ བཙོན་པ་ ༢.༡༠༠ ལྷགཔ་ཅིག་གི་ བཙོན་ཁྲིམས་གློད་གྲོལ།

ཨེ་བི་སི།
སྤྱི་ཟླ་ ༥ པའི་ཚེས་ ༣ ལུ་ མ་ཡཱན་མར་ དམག་སྡེའི་གཞུང་སྐྱོང་ལྷན་ཚོགས་ཀྱིས་ འགྲོ་བ་མིའི་ཐོབ་དབང་ལུ་ བརྩི་བཀུར་ཐོག་ལས་ སྲིད་འབྲེལ་གྱི་ བཙོན་པ་ ༢,༡༠༠ ལྷགཔ་ཅིག་ བཙོན་ཁང་ནང་ལས་ གཏང་ནི་ཨིན་པའི་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
ཨིན་རུང་ གནོད་འཚེ་མེད་པའི་ངོ་རྒོལ་ ཡང་ཅིན་ དམག་སྡེའི་གཞུང་སྐྱོང་ལུ་ ཁ་བཏང་མི་དང་འབྲེལ་བའི་ བཙོན་པ་སྟོང་ཕྲག་ལས་བཅད་མི་ཚུ་ བཙོན་ཁང་ནང་ར་ཡོདཔ་ད་ མ་ཡན་མར་ལུ་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ནང་ བཙག་འཐུ་ལས་གྲུབ་པའི་ ཨམ་ཨང་སཱན་སུ་ཀིའི་ གཞུང་གི་དབང་ཚད་དེ་ བཙན་འཕྲོག་ཐོག་ལས་ དྲག་པོའི་ དམག་སྡེ་གཞུང་སྐྱོང་དེ་ འགོ་བཙུགས་ནུག།
མ་ཡན་མར་ དམག་སྡེ་ལྷན་ཚོགས་ཀྱི་འགོ་འཛིན་ དམག་སྤྱི་གོངམ་གིས་ ལོ་འདི་ནང་ ནང་པ་སངས་རྒྱས་པའི་ ཆོས་ལུགས་ལྟར་དུ་ སངས་རྒྱས་སྐུ་འཁྲུངས་པ་དང་ སངས་རྒྱས་པ་ མྱང་ངན་ལས་འདས་པའི་ དུས་ཆེན་དང་འཁྲིལ་ཏེ་ བཙོན་པ་ ༢,༡༥༣ བཙོན་ཁང་ནང་ལས་ གཏང་ནི་ཨིན་ཟེར་ བཤད་ཡོདཔ་ཨིན་པས།.
བཙོན་པ་ཚུ་ བཙོན་ཁང་ནང་ལས་ བཏང་ནི་དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༣ ལས་ འགོ་བཙུགས་ཡོདཔ་ད་ དྲག་པོའི་དམག་སྡེ་གིས་ ཉེས་འཛུགས་རྫུན་མའི་སྒོ་ལས་ ལོ་ངོ་ ༣༣ གྱི་ བཙོན་ཁྲིམས་བཀལ་ཏེ་ཡོད་མི་ ཨམ་ཨང་སཱན་འུ་ཀི་དེ་ གློད་གྲོལ་གྱི་གྲངས་སུ་ མེདཔ་ཨིན་པས།
དེ་སྦེ་ བཙོན་ཁང་ནང་ལས་བཏང་མི་ བཙོན་པ་ཚུ་གིས་ ད་རུང་ཡང་ ཁྲིམས་འགལ་གྱི་ ལཱ་བྱ་འཐབ་པ་ཅིན་ ད་རེས་ བཙོན་ཁྲིམས་ཀྱི་ དུས་ཡུན་མ་རྫོགས་མི་དང་ བཙོན་ཁྲིམས་ཁ་སྐོང་ཚུ་ཡང་ ཕོག་ནི་ཨིན་པའི་ ཉེན་བརྡ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: