སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ལྷུན་རྩེ་ཨའུ་མཚོ་ལུ་ གསུང་འབུམ་པོ་ཏི་ ༡༢ ཀྱི་ཆོས་འཁོར།

གནམ་ལོ་ཆུ་ཡོས་ཟླཝ ༣ པའི་ཚེ ༡༣ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༥ པའི་ཚེས ༣ ལས་ དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ལྷུན་རྩེ་རྫོང་ཁག་ ཨའུ་མཚོ་སློབ་གྲྭ་ལྟེ་བའི་ རྩེད་ཐང་ནང་སྦེ་ དབང་ལུང་ཁྲིད་ ༣ གྱི་ ཆོས་འཁོར་ཟབ༌མོ༌ བསྐོར་གནངམ་ཨིན་པས།
དེ་ཡང་ ཤར་ཕྱོགས་རྫོང་ཁག་ ༦ གི་ དགེ་རབ་གྲྭ་ཚང་ཁག་གི་ བླམ་གནས་བརྟན་ཚུ་གིས་ གསོལཝ་བཏབ་བཞིན་དུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ ཐུགས་དགོངས་ལས་འཁྲུངས་པའི་ ཟབ་ཆོས་མང་རབས་ཅིག་ ཕྱོགས་བསྡེབས་མཛད་གནང་པའི་ གསུང་འབུམ་པོ་ཏི་ ༡༢ ཀྱི་ དབང་ལུང་ཁྲིད་རྒྱུན་ཟབ་མོ་ཚུ་ བདུན་ཕྲག་ ༢ ལྷགཔ་ཅིག་གི་རིང་ལུ་ གནང་དོ་ཡོདཔ་ཨིན་པས།
འདི་བཟུམ་མའི་ རྙེད་པར་དཀའ་བའི་ དབང་ལུང་ཁྲིད་རྒྱུན་ཟབ་མོ་ ཞུ་ནིའི་དོན་ལས་ དད་མོས་ཅན་གྱི་ ཆོས་མཛད་བླ་སློབ་ཀྱིས་གཙོས་པའི་ དགེ་འདུན་པ་དང་ དད་ཅན་སྐྱེ་བོ་ཕོ་མོ་ སྟོང་ཕྲག་ ༡༡ དེ་ཅིག་ འཛོམས་ཡོདཔ་ཨིན་པས།
དེ་སྦེ་ དབང་ལུང་ཁྲིད་ ༣ གྱི་ བཀའ་ཆོས་ཞུ་བར་ འཛོམས་མི་ཚུ་ལུ་ དབང་ལུང་ཚོགས་ཆུང་གི་ ཁ་ཐུག་ལས་ སྔ་ཕྱིའི་གསོལ་ཚོགས་དང་ ཉིན་དགུང་གི་ གསོལ་ཇ་ཚུ་ འདྲང་དོ་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: