
སྤྱི་ཟླ་ ༥ པའི་ཚེས་ ༦ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ ཡུ་ནའི་ཊེཌ་ ཀིང་ཌོམ་གྱི་རྒྱལ་པོ་ མི་དབང་ཅརལཛ་ ༣ པ་དང་ མི་དབང་རྒྱལ་བཙུན་ ཀེ་མི་ལ་མཆོག་ གསེར་ཁྲིར་མངའ་གསོལ་ཞུ་བའི་ དགའ་སྟོན་རྟེན་འབྲེལ་ནང་ གྲལ་གཏོགས་མཛད་གནང་ཡི།
མི་དབང་ཅརལཛ་ ༣ པ་དེ་ ཡུ་ནའི་ཊེཌ་ ཀིང་ཌོམ་དང་ གཞན་ཡང་ ཡུ་ནའི་ཊེཌ་ ཀིང་ཌོམ་གྱི་ཕྱོགས་གཏོགས་ རྒྱལ་ཁབ་ཚོགས་པའི་རྒྱལཔོ་སྦེ་ སྔར་སྲོལ་རྟེན་འབྲེལ་གྱི་ མཛད་སྒོའི་ཐོག་ལས་ གསེར་ཁྲིར་མངའ་གསོལ་ ཞུ་མི་དང་འབྲེལ་ཏེ་ བཙུན་མོ་ཀེ་མི་ལ་ཡང་ རྒྱལ་བཙུན་སྦེ་ མངའ་གསོལ་ཞུ་ནུག།
དགའ་སྟོན་རྟེན་འབྲེལ་དེ་ནང་ འཛམ་གླིང་མཐའ་དབུས་ཀྱི་ རྒྱལ་ཁབ་ཁག་གི་ནང་ལས་ མི་དབང་སྐུ་འཁོར་དང་ རྒྱལ་ཁམས་ཀྱི་ དབུ་ཁྲིད་ཚུ་གིས་ གྲལ་གཏོགས་མཛད་གནང་ཡོདཔ་ད་ སྤྱི་ཟླ་ ༥ པའི་ཚེས་ ༥ གི་ཕྱི་རུ་ རྒྱལཔོ་ཅར་ལིཛ་མཆོག་གིས་ ཕྱི་རྒྱལ་ཁག་གི་ མི་དབང་སྐུ་འཁོར་དང་ དཔོན་ཁག་ཚུ་གི་དོན་ལུ་ བ་ཀིང་ཧམ་ ཕོ་བྲང་ནང་སྦེ་ བསུ་སྟོན་ཅིག་ཡང་ མཛད་གནང་ཡོདཔ་ཨིན་པས།
མི་དབང་ཅརལིཛ་ ༣ པ་དེ་ མི་དབང་རྒྱལ་མོ་ ཨེ་ལི་ཟ་བེད་ ༢ པ་ གཤགས་པའི་ཤུལ་ལུ་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༩ པའི་ཚེས་ ༨ ལས་ ཡུ་ནའི་ཊེཌ་ ཀིང་ཌོམ་དང་ ཕྱོགས་གཏོགས་རྒྱལ་ཁབ་ཚོགས་པའི་ རྒྱལ་པོའི་ཕྱག་འགན་བཞེས་ནུག།
འབྲུག་རྒྱལ་ཁབ་དང་ ཡུ་ནའི་ཊེཌ་ ཀིང་ཌོམ་རྒྱལ་ཁབ་ ༢ ཀྱི་བར་ན་ མི་དབང་འབྲུག་རྒྱལ་དང་པ་ གོང་ས་ཨྱོན་དབང་ཕྱུག་མཆོག་གི་སྐབས་ལས་ར་ དམིགས་བསལ་གྱི་ མཐུན་ལམ་དམ་ཟབ་ཡོདཔ་ཨིན་པའི་གནས་ཚུལ།





Users Today : 1476
Users Yesterday : 1487
This Month : 38513
This Year : 218416
Total Users : 930232
Views Today : 2400
Total views : 2713601
Who's Online : 18