
སྤྱི་ཟླ་ ༥ པའི་ཚེས་ ༩ ལུ་ རྒྱལ་ཡོངས་ཚོགས་སྡེ་ ༣ པའི་ གནས་ཡུན་མཇུག་བསྡུ་བའི་ རྟགས་མཚན་ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཡིག་ཚང་ནང་སྦེ་ ཆེད་བསྟོད་ཅན་གྱི་ འཐུས་མི་ཚུ་གིས་ ལྷག་བསམ་རྣམ་དག་གི་ སྨོན་འདུན་ཞུ་ནུག།
དེ་ཡང་ ཁྲི་འཛིན་གྱིས་གཙོས་པའི་ ཆེད་བསྟོད་ཅན་གྱི་ འཐུས་མི་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེའི་ སྐུ་པར་གྱི་ སྐུ་མདུན་ལུ་ མཆོད་མེ་ཚུ་ཕུལ་ཏེ་ མི་དབང་མངའ་ཞབས་མཆོག་གི་ ཞབས་བརྟན་དང་ བཀྲིས་སྨོན་ལམ་གྱི་སྒོ་ལས་ གུས་བཏུད་ཞུ་ཡོདཔ་ཨིན་པས།
དེ་བསྒང་ ཆེད་བསྟོད་ཅན་གྱི་ འཐུས་མི་ཚུ་དང་ ཚོགས་སྡེའི་ཡིག་ཚང་གི་ ལས་གཡོགཔ་ཚུ་གི་བར་ན་ མཐར་འཁྱོལ་ཅན་གྱི་སྒོ་ལས་ ཚོགས་སྡེའི་གནས་ཡུན་ མཇུག་བསྡུ་ཡོད་མི་ལུ་ བཀའ་དྲིན་ལེགས་སོ་དང་ མ་འོངས་པའི་ བརྩོན་ཤུགས་ཚུ་ནང་ མཐར་འཁྱོལ་འབྱུང་པའི་ ལེགས་སྨོན་ཚུ་ཡང་ བརྗེ་སོར་འབད་ནུག།
དེ་གི་ཤུལ་ལས་ རྒྱལ་ཡོངས་ཚོགས་སྡེའི་ ཡིག་ཚང་གི་ ཡོངས་ཁྱབ་དྲུང་ཆེན་གྱིས་གཙོས་པའི་ ལས་གཡོགཔ་ཚུ་གིས་ འགན་གྲོལ་འབད་མི་ ཆེད་བསྟོད་ཅན་གྱི་ འཐུས་མི་ཚུ་ རྡོ་གཅལ་ནང་ཚུན་ཚོད་ ཞབས་སྐྱེལ་ཞུ་ཡོད་པའི་གནས་ཚུལ།






Users Today : 1050
Users Yesterday : 1303
This Month : 66722
This Year : 295563
Total Users : 1007379
Views Today : 2451
Total views : 2928483
Who's Online : 8