
སྤྱི་ཟླ་ ༥ པའི་ཚེས་ ༡༠ ལུ་ འབྲུག་གི་རྒྱལ་ཡོངས་ཚོགས་སྡེའི་ བཅའ་ཁྲིམས་དང་ བྱ་བའི་གནད་སྤྱོད་དང་འཁྲིལ་ཏེ་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་གོང་འོག་ ༢ བཙག་འཐུ་འབདཝ་ད་ ཆུ་ཁ་རྫོང་ཁག་གི་འཐུས་མི་ སངས་རྒྱས་རྡོ་རྗེ་དེ་ ཁྲི་འཛིན་དང་ ཧཱ་རྫོང་ཁག་གི་འཐུས་མི་ དར་མགོ་ཚེ་རིང་ལ་དེ་ ཁྲི་འཛིན་འོགམ་སྦེ་ བཙག་འཐུ་གྲུབ་ནུག།
དེ་ཡང་ འབྲུག་རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཡོངངས་བསྡོམས་ ༢༥ གིས་ ཁྲི་འཛིན་གྱི་དོན་ལས་ དོ་འགྲན་འབད་མི་ མི་ངོམ་ ༤ ལུ་ ཚོགས་རྒྱན་བཙུགས་ཡོདཔ་བཞིན་དུ་ སྐྱེས་ལོ་ ༤༢ འབད་མི་ སངས་རྒྱས་རྡོ་རྗེ་གིས་ ཚོགས་རྒྱན་བསྡོམས་ ༡༣ ཐོབ་ཡོདཔ་ད་ སྤ་རོའི་འཐུས་མི་ ཨོ་རྒྱན་ཚེ་རིང་གིས་ ཚོགས་རྒྱན་ ༨ དང་ མོང་སྒར་གྱི་འཐུས་མི་ ཚེ་རིང་དབང་ཆེན་གྱིས་ ཚོགས་རྒྱན་ ༣ དེ་ལས་ བཀྲིས་སྒང་གི་འཐུས་མི་ བསོད་ནམས་སྟོབས་རྒྱས་ཀྱིས་ ཚོགས་རྒྱན་ ༡ ཐོབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཁྲི་འཛིན་འོག་མའི་དོན་ལུ་ཡང་ མི་ངོམ་ ༤ གིས་ དོ་འགྲན་འབད་མིའི་གྲས་ལས་ སྐྱེས་ལོ་ ༤༥ འབད་མི་ ཧཱ་གི་འཐུས་མི་ དར་མགོ་ཚེ་རིང་ལ་གིས་ ཚོགས་རྒྱན་ ༩ ཐོབ་ཡོདཔ་ད་ བཀྲིས་གཡང་རྩེའི་འཐུས་མི་ བསོད་ནམས་བསྟན་འཛིན་དང་ སྤུ་ན་ཁའི་འཐུས་མི་ རྣམ་རྒྱལ་རྡོ་རྗེ་གིས་ ཚོགས་རྒྱན་ ༧ རེ་དང་ ལྷུན་རྩེའི་འཐུས་མི་ སྐལ་བཟང་ལྷུན་གྲུབ་ཀྱིས་ ཚོགས་རྒྱན་ ༢ ཐོབ་ཡོད་པའི་གནས་ཚུལ།






Users Today : 991
Users Yesterday : 1303
This Month : 66663
This Year : 295504
Total Users : 1007320
Views Today : 2261
Total views : 2928293
Who's Online : 11