
བི་བི་སི།
ཡུ་ཨེཛ་གི་ སྲིད་འཛིན་བགྲེསཔ་ ཌོ་ནཱལ་ཊཱམ་ལུ་ ཡུ་ཨེཛ་གི་ རྡུལ་ཕྲན་དང་ དམག་མིའི་འཆར་གཞི་ཚུ་དང་འབྲེལ་བའི་ གསང་བའི་ཡིག་ཆ་དང་སྦྲགས་ཏེ་ གསང་བྱའི་ཡིག་ཆ་ཚུ་ བརྒྱ་ཕྲག་ལས་བཅད་དེ་ ཚུལ་མིན་སྤྱོད་པའི་སྐོར་ལས་ ཉེས་འཛུགས་འབད་ནུག།
དེ་ཡང་ ཉེས་འཛུགས་ཁག་ ༣༧ གྱི་གྲས་ཁར་ ཁོ་གིས་ ཡིག་ཆ་ཚུ་ ཕོལ་རི་ཌ་ལུ་ཡོད་མི་ ཁོ་རའི་གཞིས་ཁྱིམ་ནང་དང་ ཁྲབ་རྩེད་ཁང་མིག་ ཁྲུས་ཁང་ཚུ་ནང་ སྦ་བཞག་སྟེ་ དབྱེ་ཞིབ་འབད་མི་ཚུ་ལུ་ ཤོབ་རྐྱབ་ཡོད་པའི་ ཉེས་འཛུགས་བཀལ་ཡོདཔ་མ་ཚད་ ཡིག་ཆ་ལག་ལེན་ཚུ་གི་སྐོར་ལས་ དབྱེ་ཞིབ་འབདཝ་ད་ བར་ཆད་རྐྱབ་པའི་ ཉེས་འཛུགས་ཡང་ བཀལ་ཡོདཔ་ཨིན་པས།
ཌོ་ནཱལ་ཊཱམ་གྱིས་ སྤྱི་ལོ་ ༢༠༢༤ ལུ་ བཙག་འཐུའི་ནང་ ད་རུང་ཡང་ བཅའ་མར་གཏོགས་ནི་སྦེ་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཁོ་ལུ་ འཛོལ་བ་ག་ནི་ཡང་མེད་ཟེར་ཨིན་པས།
ཉེས་འཛུགས་ནང་ ཝ་ཡིཊ་ཧཱ་འུཛ་ནང་ དམག་སྡེའི་ཁ་ཐུག་ལས་ ཁོ་གི་སྐུ་སྒེར་ལས་རོགས་སྦེ་ ཕྱག་ཞུ་མི་ ཝ་ལཊི་ནའུ་ཏ་ལུ་ཡང་ ཡིག་སྣོད་ཚུ་ ཕར་ཚུར་བསྐྱལ་ཡོད་པའི་ ཉེས་འཛུགས་ཕོག་ནུག།
ཉེས་འཛུགས་དེ་ ཤོག་གྲངས་ ༤༩ ཡོདཔ་ད་ ཁྲིམས་རྩོདཔ་ཚུ་གིས་ བཤད་མིའི་ནང་ ཌོ་ནཱལ་ཊཱམ་དེ་ ཡིག་ཚང་ནང་ལས་ ཐོན་འགྱོ་བའི་སྐབས་ལུ་ གསང་བའི་ཡིག་སྣོད་ ༣༠༠ དེ་ཅིག་ པཱམ་མཚོ་འགྲམ་ལུ་ཡོད་མི་ ཁོ་རའི་གཞིས་ཁྱིམ་ མར་ཨེ་ལ་གོ་ཟེར་སར་ བསྐྱལ་ནུག་ཟེར་ཨིན་པས།
དེ་མ་ཚད་ ཌོ་ནཱལ་ཊཱམ་དེ་ སྤྱི་ཟླ་ ༦ པའི་ཚེས་ ༡༣ ལུ་ ཕཱོལ་རི་ཌའི་ས་གནས་ མ་ཡ་མི་ལུ་ ཁྲིམས་སར་འགོ་དང་པ་ ངོ་བཅར་འབད་ནི་ཨིནམ་ད་ ཉིནམ་དེ་ཡང་ ཁོ་གི་སྐྱེས་ཚེས་ ༧༧ པ་ལས་ ཉིནམ་ ༡ གི་ སྔ་གོང་ལུ་ ཕོགཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1440076
Views Today :
Total views : 5000
Who's Online :