
རོའི་ཊརཛ།   
སྤྱི་ཟླ་ ༦ པའི་ཚེས་ ༡༥ ལུ་ ལྷོ་ཀོ་རི་ཡ་དང་ ཡུ་ཨེཛ་དམག་སྡེ་ ༢ མཉམ་འབྲེལ་ཐོག་ལས་ ཀྲོབ་མདའི་མདེའུ་ངོ་མ་ཚུ་ ལག་ལེན་འཐབ་ཐོག་ལས་ དམག་སྦྱོང་འབད་མིའི་ནང་ ལྷོ་ཀོ་རི་ཡའི་སྲིད་འཛིན་ ཡཱུན་སུག་ཡོལ་གྱིས་ བལྟ་རྟོག་འབད་ནུག།
དེ་ཡང་ སྤྱི་ཟླ་ཧེ་མའི་ནང་ བྱང་ཀོ་རི་ཡ་གིས་ གསང་ཞིབ་འཕྲུལ་སྐརཅིག་ མཁའ་དབྱིངས་ལུ་ བཏང་མི་དེ་ མཐར་འཁྱོལ་མ་བྱུང་རུང་ ལུང་ཕྱོགས་ནང་ གནས་སྟངས་བྱ་སྟབས་མ་བདེཝ་ བཟོ་བ་ལུ་བརྟེན་ཏེ་ ལྷོ་ཀོ་རི་ཡ་དང་ ཡུ་ཨེཛ་ ༢ ཀྱིས་ ཁོང་ལུ་ཡང་ སྟོབས་ཤུགས་ཡོད་པའི་ གསལ་སྟོན་གྱི་ བརྡ་མཚོན་ལུ་ དམག་སྦྱོང་དེ་ ལག་ལེན་འཐབ་ཡོདཔ་ཨིན་པས།
དམག་སྦྱོང་དེ་ཡང་ ལྷོ་ཀོ་རི་དང་ ཡུ་ཨེཛ་རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་འགོ་བཙུགས་ཏེ་ ལོ་ངོ་ ༧༠ འཁོར་བའི་ དུས་དྲན་དང་ ལྷོ་ཀོ་རི་ཡའི་ དམག་སྡེ་གཞི་བཙུགས་ཀྱི་ དུས་སྟོན་ཐེངས་ ༧༥ པ་ བརྩི་སྲུང་དང་འབྲེལ་ཏེ་ ལག་ལེན་འཐབ་ནུག།
ས་གནས་པོ་ཅི་ཡཱོན་ཟེར་སར་ ལག་ལེན་འཐབ་མི་ དམག་སྦྱོང་དེ་ནང་ དམག་མི་བསྡོམས་ ༢,༥༠༠ གིས་ གྲལ་གཏོགས་འབད་ཡོདཔ་ད་ དེ་བསྒང་ དེང་དུས་ཀྱི་ འཕྲུལ་རིག་དང་བསྟུན་པའི་ ནུས་ཤུགས་ཅན་གྱི་ མཚོན་ཆའི་རིགས་དང་ ཀྲོབ་མདའ་ཨེཕ་-༣༥ དང་ ཀེ་-༩ ཟེར་མི་ཚུ་ ལག་ལེན་འཐབ་སྟེ་ དམག་འཐབ་གནམ་གྲུ་ཆུང་བ་ གེ་རེ་ཨི་གཱལ་ ཌཱོན་ཟེར་མི་ཚུ་ཡང་ གསལ་སྟོན་འབད་ཡོདཔ་ཨིན་པས།
དམག་སྦྱོང་དེ་ནང་ དམག་མི་ཚུ་གིས་ བྱང་ཀོ་རི་ཡའི་ རྡུལ་ཕྲན་མཚོན་ཆ་ ལག་ལེན་གྱི་ ཉེན་བརྡ་དང་ དམག་གི་ཟློག་ལན་ལུ་ ནོར་འཁྲུལ་མེད་པའི་ ཚད་དཔག་གི་ བཀོད་སྒྲིག་ཚུ་ གྲ་སྒྲིག་འབད་མི་དེ་ བྱང་ཀོ་རི་ཡའི་ ཉེན་བརྡ་ཚུ་ མེདཔ་བཟོ་ཐབས་ལུ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།
 
                               
                                              
      





 Users Today : 1460
 Users Today : 1460 Users Yesterday : 1602
 Users Yesterday : 1602 This Month : 30654
 This Month : 30654 This Year : 163389
 This Year : 163389 Total Users : 521366
 Total Users : 521366 Views Today : 2331
 Views Today : 2331 Total views : 1662429
 Total views : 1662429 Who's Online : 9
 Who's Online : 9