
ད་རེས་ འཕྲལ་ཁམས་ཅིག་ཁར་ བསྐྱར་བསྐྲུན་ཐོག་ལས་ འགོ་འབྱེད་འབད་མི་ ཀུ་རི་གོང་རི་འཛོམས་སའི་ ལྕགས་ཟམ་དེ་ དུས་ཡུན་ཐུང་ཀུ་ཅིག་ནང་ ལོག་སྟེ་ར་ རམ་འགྱོ༌མི༌དེ༌ གནད༌དོན༌ག༌ཅི༌ལུ༌བརྟེན༌ཏེ༌ཨིན༌ན༌ཟེར་ མི་མང་གིས་ བསམ་འཆར་བཀོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༢༧ གྱི་དྲོ་པར་ འཁོར་ལོ་ ༡༠ འབད་མི་ སྣུམ་འཁོར་ཊག་ཅིག་ མོང་སྒར་གླིང་མའི་ཐང་ བོང་སྡེ་མ་ལུ་ ས་པག་ཅུང་འབག་སྟེ་ འགྲུལ་སྐྱོད་འབད་བའི་སྐབས་ལུ་ ལྕགས་ཟམ་དེ་ རམ་ཡར་སོངཔ་ལས་ བཟའ་ཚང་ ༢ ལུ་ ཤི་རྐྱེན་བྱུང་ནུག།
གནས་ཚུལ་འབྱུང་ཁུངས་ཅིག་དང་འཁྲིལ་བ་ཅིན་ རྩི་རང་ལས་ཨིན་མི་ དེད་གཡོགཔ་དང་ ཁོ་གི་གནས་ཚང་དེ་ དྲོ་པའི་ཆུ་ཚོད་ཕྱེད་དང་ ༨ དེ་ཅིག་ཁར་ རིང་ཚད་ཕིཊ་ ༡༩༠ འབད་མི་ ལྕགས་ཟམ་གུ་ལས་ འགྲུལ་བསྐྱོད་འབདཝ་ད་ ལྕགས་ཟམ་དེ་ སྦུག་ན་ལས་ར་ ཆག་ཡར་སོང་ཡི་ཟེར་ཨིན་པས།
ལྕགས་ཟམ་དེ་ཡང་ ཟླཝ་ ༡ གི་ཧེ་མར་ སྤྱི་ཟླ་ ༥ པའི་ཚེས་ ༢༣ ལུ་ དོ་ཚད་མེ་ཊིག་ཊཱན་ ༡༠ དེ་ཅིག་འབག་མི་ སྣུམ་འཁོར་ཊག་ཅིག་ འགྲུལ་བསྐྱོད་འབདཝ་ད་ རམ་འགྱོ་བའི་ཤུལ་ལས་ དངུལ་ཀྲམ་ས་ཡ་ ༢.༨ དེ་ཅིག་ ཟད་འགྲོ་བཏང་སྟེ་ བསྐྱར་བསྐྲུན་འབད་ནུག།
དེ་སྦེ་ རྐྱེན་ངན་བྱུང་པའི་ཤུལ་ལས་ ཁྲིམས་སྲུང་འགག་སྡེ་དང་ སྲོག་རྐྱབ་འབད་མི་གཞན་ཚུ་ ས་ཁོངས་དེ་ནང་ ལྷོད་དེ་འབད་རུང་ གཙང་ཆུ་བྲེས་མི་ལུ་བརྟེན་ཏེ་ ཚེ་འདས་ ༢ ཀྱི་ཕུངམོ་དང་ སྣུམ་འཁོར་འཚོལ་ཞིབ་འབད་ནི་ལུ་ བར་ཆད་བྱུང་ཡོད་པའི་གནས་ཚུལ།




Users Today : 1269
Users Yesterday : 1453
This Month : 1269
This Year : 297235
Total Users : 1009051
Views Today : 2134
Total views : 2931737
Who's Online : 37