
ཨེ་བི་སི།
སྤྱི་ཟླ་ ༧ པའི་ཚེས་ ༡ ལུ་ རྒྱ་གར་ནུབ་ཕྱོགས་ལུ་ སྐྱེལ་འདྲེན་བཱཛ་ཅིག་གི་ འཁོར་ལོ་གས་པའི་ཤུལ་ལས་ འགྲུལ་འཁོར་དེ་ བཀག་མ་ཚུགས་པར་ འཁོར་ལམ་བགོ་ལྕགས་དང་ ཁ་ཐུག་རྐྱབ་སྟེ་ མེ་འབར་ཡོདཔ་ལས་ མི་གྲངས་ ༢༥ ལུ་ ཤི་རྐྱེན་བྱུང་ནུག།
རྒྱ་གར་གྱི་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྒེར་སྡེའི་སྐྱེལ་འདྲེན་བཱཛ་དེ་ པུ་ནེ་ཁྲོམ་ཁ་ལས་ ནག་པུར་ཁྲོམ་ཁར་ འགྱོ་བའི་ལམ་ཁར་ མ་ཧཱ་རཤ་ཏ་ར་ རྫོང་ཁག་གི་ས་གནས་ བཱུལ་ད་ན་ཟེར་སའི་ གཞུང་ལམ་ཁར་ དྲོ་པའི་ཆུ་ཚོད་ཕྱེད་དང་ ༢ དེ་ཅིག་ཁར་ རྐྱེན་ངན་དེ་ བྱུང་པའི་སྐབས་ལུ་ སྐྱེལ་འདྲེན་བཱཛ་དེ་ནང་ འགྲུལ་པ་ ༣༣ སྡོད་ནུག་ཟེར་ཨིན་པས།
རྒྱ་གར་གྱི་ འཁོར་ལམ་ཚུ་ནང་ ཐུག་རྐྱེན་ལེ་ཤ་ཅིག་ བྱུང་མི་དེ་ཡང་ གཙོ་བོ་ར་ འགྲུལ་འཁོར་སྣང་མེད་སྦེ་ བཏང་མི་དང་ འཁོར་ལམ་ཚུ་ ལེགས་ཤོམ་མེད་པའི་གུ་ འགྲུལ་འཁོར་ཚུ་ཡང་ རྙིངམ་ཐལ་ནི་དེ་གིས་ཨིནམ་ད་ རྒྱ་གར་རྒྱལ་ཁབ་ནང་ དེ་བཟུམ་མའི་ ཐུག་རྐྱེན་ལུ་བརྟེན་ཏེ་ ལོ་བསྟར་བཞིན་དུ་ མི་གྲངས་ ༡༡༠,༠༠༠ ལྷགཔ་རེ་ལུ་ ཤི་རྐྱེན་བྱུངམ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1055
Users Yesterday : 1729
This Month : 4857
This Year : 184760
Total Users : 896576
Views Today : 2892
Total views : 2633209
Who's Online : 10