
བི་བི་སི།
ཨ་མི་རི་ཀའི་ ས་ཐང་བདའ་སྟེ་ རྒྱལ་སྤྱིའི་གནས་རིམ་ནང་ ཡོངས་གྲགས་ཅན་གྱི་ དགོས་མཁོ་ཡོད་མི་ འབྲུ་སྣའི་དོན་ལས་ ཉིན་ནུབ་མེད་པར་ གེ་ཟ་འཚོ་སྐྱོང་གི་ ལཱ་ཚུ་འབདཝ་ཨིན་པས།
དེ་ཡང་ སི་ཀོཊ་ཧེར་ཟེར་མི་ མི་ངོམ་དེ་ ས་ཆ་ཨེ་ཀར་ ༤,༠༠༠ དེ་ཅིག་གི་ནང་ གེ་ཟ་འཚོ་སྐྱོང་འཐབ་མི་ཅིག་ཨིནམ་ད་ ཁོ་གིས་ ཨོ་ཧ་ཡོ་ ནུབ་ཕྱོགས་ལུ་ཡོད་མི་ གེ་ཟའི་མཛོད་ཁང་ནང་ ན་ཧིང་གི་ གེ་ཟའི་སྤུས་ཚད་ ལེགས་ཤོམ་ཡོད་རུང་ དུས་ཅི་གི་ ཐོན་ཚད་འདི་ ཧ་ལམ་ཅིག་ལས་ མེདཔ་ཨིན་པས།
དེ་མ་ཚད་ སྨན་ལུད་དང་ ས་སྣུམ་གྱི་ གོང་ཚད་ཚུ་ ཡར་སེང་འགྱོ་མི་ལུ་བརྟེན་ཏེ་ སྤྱི་ལོ་ ༢༠༢༡ དང་ཕྱདཔ་ད་ གེ་ཟ་འཛུགས་སྐྱོང་གི་ ཚད་གཞི་དེ་ ས་ཞིང་ཨེ་ཀར་ ས་ཡ་ ༣.༤ དེ་ཅིག་གིས་ མར་བབས་སོང་པའི་ཁར་ ཆར་ཆུ་ཡང་ དཀོན་ནི་དེ་གིས་ རྒྱལ་སྤྱིའི་ཚོང་ལམ་ནང་ ཡུ་ཨེཛ་ལས་ཐོན་མི་ གེ་ཟའི་གོང་ཚད་དེ་ ཡར་སེང་སོང་ནུག།
མ་གཞི་ ཨ་མི་རི་ཀ་ལས་ ལོ་བསྟར་བཞིན་དུ་ གེ་ཟ་ཊཱོན་ས་ཡ་སྦེ་ རྒྱལ་ཁབ་ ༦༠ ལྷགཔ་ཅིག་ལུ་ ཕྱིར་ཚོང་འཐབ་ཨིན་རུང་ ཁོང་གི་གནས་ཚད་དེ་ ཉམས་ནི་བཟུམ་ཅིག་ཡོདཔ་ད་ གེ་ཟ་འབོར་ཆེ་ཏོག་ཏོ་སྦེ་ ཉོ་འདྲེན་འཐབ་མི་ རྒྱ་ནག་གིས་ཡང་ གོང་ཚད་ཉུང་སུ་སྦེ་ འབྱུང་ཁུངས་གཞན་ཁ་ལས་ ཐོབ་ནི་དེ་གིས་ ཨ་མི་རི་ཀའི་ གེ་ཟ་ མཁོ་མངགས་ཚུ་ ཆ་མེད་བཏང་ནུག།
དུས་ཅི་ སྤྱི་ཟླ་ ༡ པའི་ནང་ རྒྱ་ནག་གིས་ ཨ་མི་རི་ཀ་ལས་ ནམ་རྒྱུན་གྱི་ ནང་འདྲེན་དང་ཕྱདཔ་ད་ བརྒྱ་ཆ་ ༧༠ དེ་ཅིག་ མར་བབས་སོང་ཡོདཔ་མ་ཚད་ སྤྱི་ཟླ་ ༥ པ་ལས་ འགོ་བཟུང་སྟེ་ རྒྱ་ནག་གིས་ གེ་ཟ་ཚུ་ ལྷོ་ཨ་ཕི་རི་ཀ་ལས་ ནང་འདྲེན་འབད་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1432161
Views Today :
Total views : 5000
Who's Online :