
ཨེན་ཌི་ཊི་ཝི།
ནེ་པཱལ་གྱི་ མཁའ་འགྲུལ་དབང་འཛིན་གྱི་ ཁ་ཐུག་ལས་ གངས་རི་ཨེ་བ་རེཛ་གི་ ས་ཁོངས་ནང་ གནམ་གྲུ་ཐུག་རྐྱེན་བྱུང་སྟེ་ མི་ངོམ་ ༦ ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ གནམ་གྲུ་ཧེ་ལི་ཀོབ་ཊར་ནང་ ས་ཆ་བལྟ་སྐོར་དང་འབྲེལ་བའི་ དགོས་དོན་མེད་པའི་ འགྲུལ་བསྐྱོད་ཚུ་ ཟླ་ངོ་ ༢ ཀྱི་རིང་ལུ་ བཀག་དམ་འབད་ནུག།
དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༡༡ ལུ་ མ་ནང་མཁའ་འགྲུལ་ལས་སྡེའི་ གནམ་གྲུ་ཧེ་རི་ཀོབ་ཏྲར་ཆུང་བ་ ༡ ལུ་ ཧི་མ་ལ་ཡའི་གངས་རི་དང་ གངས་རིའི་སྤྱི་ཏོག་ ཨེ་བ་རེཛ་ལུ་ བལྟ་སྐོར་འབད་དེ་ ལོག་པའི་སྐབས་ལུ་ ཐུག་རྐྱེན་བྱུང་སྟེ་ མེག་སི་ཀོ་ལས་ཨིན་མི་ བལྟ་བཤལ་པ་ ༥ དང་ ནེ་པཱལ་གྱི་ གནམ་གྲུའི་དེད་དཔོན་ ༡ ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།.
ནེ་པཱལ་གྱི་ ཞི་བའི་མཁའ་འགྲུལ་དབང་འཛིན་གྱིས་ གངས་རི་བདའ་སྟེ་ འཕུར་འགྲུལ་འབད་ནི་དང་ དཔྱངས་ཐག་བཏགས་ཏེ་ འཕུར་འགྲུལ་འབད་ནི་ དེ་ལས་ གནམ་གྲུའི་ནང་ལས་ མེ་ཏོག་གཏོར་ནི་ལ་སོགས་པའི་ དགོས་དོན་མེད་པའི་ འཕུར་འགྲུལ་ཚུ་ སྤྱི་ཟླ་ ༩ པ་ཚུན་ བཀག་དམ་འབད་ནུག།
ད་རེས་ སྤྱི་ཟླ་ ༧ པའི་ཚེས་ ༡༡ ལུ་ ཐུག་རྐྱེན་བྱུང་མིའི་ འབྱུང་རྐྱེན་ཚུ་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ད་ ནེ་པཱལ་རྒྱལ་ཁབ་ནང་ ལོ་ངོ་ ༣༠ གི་ ནང་འཁོད་ལུ་ གནམ་གྲུའི་ཐུག་རྐྱེན་ཚབས་ཆེན་ར་ སྤྱི་ཟླ་ ༡ པའི་ནང་ པོག་ཁ་ར་ཁྲོམ་གྱི་ སྦོ་ལོགས་ཁར་ གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་སྟེ་ མི་གྲངས་ ༧༡ ལུ་ ཤི་རྐྱེན་བྱུང་མི་དེ་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 889
Users Yesterday : 6933
This Month : 65258
This Year : 294099
Total Users : 1005915
Views Today : 8065
Total views : 2924482
Who's Online : 5