པ་ཀིཛ་ཏཱན་ལུ་ རང་སྲོག་བཅད་ཐོག་ལས་ རྫས་བམ་འབག་མི་ ༢ ཀྱིས་ གནོད་འཚུབ་བཀལཝ་ལས་ མི་ ༢ ལུ་ ཤི་རྐྱེན་དང་ ༡༥ ལུ་རྨ་སྐྱོན།

ཨེ་བི་སི།
སྤྱི་ཟླ་ ༧ པའི་ཚེས་ ༢༠ ལུ་ རང་སྲོག་བཅད་ཐོག་ལས་ གས་རྫས་འབག་མི་ ༢ ཀྱིས་ བྱང་ཕྱོགས་པ་ཀིཛ་ཏཱན་གྱི་ ཁྲིམས་སྲུང་འགག་སྡེའི་ དམག་ཁང་དང་ གཞུང་གི་ཡིག་ཚང་ཚུ་ ཁ་གཏོར་ཏེ་ཡོད་པའི་ ས་གོ་ཚུ་ནང་ གནོད་འཚུབ་བཀལཝ་ལས་ ཁྲིམས་སྲུང་འགག་པ་ ༢ ལུ་ ཤི་རྐྱེན་དང་ གཞན་མི་ ༡༥ ལུ་ རྨ་སྐྱོན་བྱུང་ནུག།
དེ་ཡང་ ཨཱཕ་གྷ་ནིཛ་ཏཱན་གྱི་ ས་མཚམས་ཁར་ཡོད་མི་ པ་ཀིཛ་ཏཱན་གྱི་ ནུབ་བྱང་ས་གནས་ བཱ་ར་ཟེར་སར་ བཀལ་ཡོདཔ་ད་ དེ་སྦེ་ རང་སྲོག་བཅད་ཐོག་ལས་ རྫས་བམ་འབག་མི་ཚུ་གིས་ གནོད་འཚུབ་བཀལ་བའི་བར་ན་ ཁྲིམས་སྲུང་འགག་སྡེ་གིས་ ཀྲོབ་མདའ་རྐྱབ་པའི་སྐབས་ལུ་ གནོད་འཚུབ་བཀལ་མི་ཅིག་གི་ རྫས་བམ་ཅན་གྱི་ ཁེན་སྦྱར་དེ་ གས་སོངཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ བློན་ཆེན་ཤེ་བཱཛ་ཤ་རིཕ་གིས་ རྩ་ལས་ར་ མ་རུང་པའི་ ལཱ་ངན་ཨིན་པའི་ ཁ་ཉེས་བཀལ་ཡོདཔ་མ་ཚད་ དེ་བཟུམ་མའི་ དྲག་ཐོག་དབང་བཙོང་གི་ ལཱ་ངན་འབད་བ་བརྟེན་ཏེ་ ཁྲིམས་སྲུང་འགག་སྡེ་གིས་ རང་སྲོག་ལུ་ ཉེན་ཁ་ཡོད་རུང་ གདོང་ལན་ལེགས་ཤོམ་འབདཝ་ལས་ ངལ་རངས་ཡོད་ལུགས་ཚུ་ གསུངས་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: