
གནས་ཚུལ་གསར་བཏོན།
སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༧ པའི་ཚེས་ ༡༧ ལུ་ འབྲུག་གཞུང་གི་ ཚོང་འབྲེལ་ཡན་ལག་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱིས་ རྩིས་ལོ་ ༢༠༢༢ ལུ་ དངུལ་རྩིས་ཀྱི་ གྲུབ་འབྲས་སྦོམ་སྦེ་ར་ ཐོན་ཡོད་པའི་ གསལ་བསྒྲགས་འབདཝ་ཨིན་པས།
དེ་ཡང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱི་ ཆབ་འོག་ལུ་ཡོད་མི་ ལས་འཛིན་ཚུ་གིས་ འོང་འབབ་ཀྱི་ ཡར་སེང་དེ་ ལོ་རེར་བརྒྱ་ཆ་ ༡༣.༧༧ རེ་ཨིན་རུང་ རྩིས་ལོ་ ༢༠༢༡ ལུ་ འོང་འབབ་བསྡོམས་ དངུལ་ཀྲམ་ས་ཡ་ ༤༠,༣༡༤.༡༥ (ཡུ་ཨེཛ་ཌོ་ལར་ས་ཡ་ ༤༧༩.༦༤) འབད་ས་ལས་ རྩིས་ལོ་ ༢༠༢༢ ལུ་ དངུལ་ཀྲམ་ས་ཡ་ ༤༥,༨༦༦.༣༤ (ཡུ་ཨེཛ་ཌོ་ལར་ས་ཡ་ ༥༤༥.༧༠) ལུ་ ཡར་སེང་སོང་ནུག།
དེ་སྦེ་ འོང་འབབ་ཡར་སེང་འགྱོ་མི་དེ་གིས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱི་ ཆབ་འོག་ལུ་ཡོད་མི་ ལས་སྡེ་ཚུ་གིས་ ནུས་ཤུགས་དང་ ཐོན་ཁུངས་ བརྒྱུད་འབྲེལ་ སྐྱེལ་འདྲེན་ བཟོ་བཏོན་དང་ ཚོང་འབྲེལ་ཚུ་གིས་གཙོས་པའི་ ལས་སྡེ་མ་འདྲཝ་ཚུ་གི་ནང་ མ་རྩ་གཞི་བཙུགས་ཚུ་ ལག་ལེན་འཐབ་ནི་དེ་གིས་ དངུལ་གྱི་གྲུབ་འབྲས་ལུ་ ལེགས་སྒྱུར་སྦོམ་ ཐོན་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས།
དུས་ཡུན་དེ་ནང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གིས་ རྒྱལ་ཁམས་གོང་འཕེལ་དང་ ཡར་འཕར་ལུ་ ཕན་ཐོགས་ནི་གི་ ཁས་ལེན་འགྲེམ་སྟོན་འབད་མི་དེ་ཡང་ སྡེ་ཚན་དེ་གིས་ ཁེ་སང་བགོ་བཤའི་ སྔ་གོང་གི་སྤྲོད་ཆ་དང་ ཁྲལ་ སྤྱོད་ཁྲལ་ཚུ་བརྩིས་ཏེ་ དངུལ་རྩིས་ལྷན་ཁག་ལུ་ དངུལ་ཀྲམ་ས་ཡ་ ༡༥,༠༠༨.༦༠ (ཡུ་ཨེཛ་ཌོ་ལར་ས་ཡ་ ༡༧༨.༥༧) རྩིས་ཐོ་སྤོ་ནུག།
དེ་ཡང་ ཧེ་མའི་རྩིས་ལོ་ནང་ དངུལ་ཀྲམ་ས་ཡ་ ༡༣,༠༣༢.༨༦ (ཡུ་ཨེཛ་ཌོ་ལར་ས་ཡ་ ༡༥༥.༠༦) རྩིས་ཐོ་སྤོ་མི་དང་ཕྱདཔ་ད་ བརྒྱ་ཆ་ ༡༥.༡༦ གིས་ ཡར་སེང་སོང་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༢༢ ཀྱི་ སྤྲོད་ཆ་ཚུ་ མཇུག་བསྡུ་ནིའི་དོན་ལས་ སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༦ པའི་ནང་ ཁེ་སང་བགོ་བཤའ་ཁ་སྐོང་ དངུལ་ཀྲམ་ས་ཡ་ ༣,༣༦༡.༠༠ (ཡུ་ཨེཛ་ཌོ་ལར་ས་ཡ་ ༣༩.༩༩) རྩིས་ཐོ་སྤོ་མི་བརྩིས་ཏེ་ དངུལ་ཀྲམ་བསྡོམས་ས་ཡ་ ༡༨,༣༦༩.༦༠ (ཡུ་ཨེཛ་ཌོ་ལར་ས་ཡ་ ༢༡༨.༥༦) དངུལ་རྩིས་ལྷན་ཁག་ལུ་ རྩིས་ཐོ་སྤོ་ཡོདཔ་ཨིན་པས།
དེ་ལས་ རྩིས་ལོ་ ༢༠༢༢ ལུ་ ཁྲལ་མ་བཏབ་གོང་གི་ འོང་འབབ་དེ་ མར་ཉམས་ཡོད་རུང་ དངུལ་ཀྲམ་བསྡོམས་ས་ཡ་ ༨,༠༠༤.༥༩ (ཡུ་ཨེཛ་ཌོ་ལར་ས་ཡ་ ༩༥.༢༤) དངུལ་རྩིས་ལྷན་ཁག་ལུ་ རྩིས་ཐོ་སྤོ་ནུག།
འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་ཀྱི ཟད་འགྲོའི་ཐེད་ཁར་ཡང་ རྩིས་ལོ་ ༢༠༢༢ ལུ་ དངུལ་ཀྲམ་ས་ཡ་ ༦,༧༧༣.༥༢ ཡར་སེང་ཐོག་ལས་ དངུལ་ཀྲམ་ས་ཡ་ ༣༣,༠༦༨.༣༠ དེལ་ཅིག་ གནས་ཡོདཔ་ད་ སྤྱི་ལོ་ ༢༠༠༧ ལུ་ གཞི་བཙུགས་འབད་མི་ འབྲུག་མི་སེར་གཞིས་བཟུང་ཚད་ཀྱིས་ ནང་འཁོད་ལས་འཛིན་ ༢༡ ལུ་ བགོ་བཤའ་ཚུ་ འཆང་སྟེ་ཡོདཔ་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1433437
Views Today :
Total views : 5000
Who's Online :