
པདྨ་དབང་འདུས།
སྤྱི་ཟླ་ ༧ པའི་ཚེས་ ༢༤ ལུ་ འབྲུག་གཞུང་གི་ ཚོང་འབྲེལ་ཡན་ལག་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་འཛིན་གྱིས་ ཐིམ་ཕུ་ལུ་ འགོ་འདྲེན་འཐབ་མི་ འབྲུག་རྒྱལ་སྤྱིའི་ཕེབ་ ༢༣ གྱི་ ཞལ་འཛོམས་སྐབས་ལུ་ བྷུ་ཊཱན་བརཛ་ཟེར་ མེ་ཊ་བརཛ་གུ་ གཞི་བརྟེན་འབད་མི་ ཡོངས་འབྲེལ་འཆར་སྒོ་ཅིག་ འགོ་འབྱེད་འབད་ནུག།
དེ་ཡང་ སིངྒ་པོར་ལུ་ཡོད་མི་ མེ་ཊ་བརཛ་ བཟོ་སྒྲིག་ལས་སྡེའི་ ངོ་ཚབ་ལས་སྡེ་ སི་མོབ་ལར་དང་ སེནཌ་བོགཛ་ཟེར་མི་ ཡོངས་འབྲེལ་ལས་སྡེ་དང་གཅིག་ཁར་ ཡོངས་འབྲེལ་འཆར་སྒོ་ཅིག་ འགོ་འབྱེད་འབད་མི་དེ་གིས་ བྷུ་ཊཱན་བརཛ་ཐོག་ལས་ གཞི་སྒྱུར་ཅན་གྱི་ ཨང་གནས་རིག་པའི་ ཉམས་མྱོང་ཚུ་ གསར་བཏོད་འབད་ཚུགས་ནི་ཨིན་པས།
བྷུ་ཊཱན་བརཛ་ཟེར་མི་དེ་ སེནཌ་བོགཛ་ལས་སྡེའི་ ནང་འཁོད་ལུ་ ཨང་གནས་རིག་པའི་ བདོག་གཏད་སྦེ་ སྤྱོད་མི་ཚུ་གིས་ འབྲུག་གི་ལམ་སྲོལ་དང་ རྒྱལ་རབས་ ལྟ་བ་དང་ ཁྱད་ཆོས་ཅན་གྱི་ བཟོ་བཀོད་རིས་ཚུ་གི་སྐོར་ལས་ ཉམས་མྱོང་ཚུ་ འཐོབ་ནི་ཨིན་པས།
འབྲུག་མི་སེར་རྒྱུ་ནོར་གཞིས་བཟུང་ཚད་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཨུཇ་ཝཱལ་དིབ་ ད་ཧཱལ་གྱིས་འབད་བ་ཅིན་ བྷུ་ཊཱན་བརཛ་ཟེར་མི་དེ་ ལམ་སྲོལ་ཅན་གྱི་ གསར་བཏོད་སྣ་མང་དང་ རྒྱལ་སྤྱིའི་མི་སྡེ་གཞི་བཙུགས་ དེ་ལས་ འབྲུག་གི་ཝེབ་༣ པའི་ རིག་རྩལཔ་ཚུ་གིས་ འབྲེལ་བ་འཐབ་ས་ཅིག་སྦེ་ གནས་འོང་ཟེར་ཨིན་པས།
བྷུ་ཊཱན་བརཛ་གི་ ཡོངས་ཁྱབ་ཅན་གྱི་ མཐོང་འཆར་དེ་ཡང་ རྒྱལ་ཁབ་ཕྱི་ནང་ ༢ ཆ་རའི་ནང་ མེ་ཊ་བརཛ་གི་ མི་སྡེ་ཡར་འཕེལ་དང་ རྒྱལ་སྤྱིའི་མེ་ཊ་བརཛ་དང་ ཝེབ་ ༣ པ་ཚུ་ནང་ འབྲུག་མི་ཚུ་ལུ་ གོ་སྐབས་ཡོདཔ་བཟོ་ནི་ དེ་ལས་ སློབ་ཕྲུག་དང་ ཚོང་ལཱ་འབད་མི་ཚུ་གིས་ མེ་ཊ་བརཛ་ འཕྲུལ་རིག་གུ་ གཞི་བརྟེན་ཏེ་ ལས་དོན་གསར་བཏོད་འབད་ནི་ཚུ་ཨིན་པས།
བྷུ་ཊཱན་བརཛ་དེ་ རིག་པ་གསར་གཏོད་དང་ དཔལ་འབྱོར་གྱི་གོ་སྐབས་ དེ་ལས་ ཐོན་རིམ་ཅན་གྱི་ མ་འོངས་པའི་ རིག་རྩལ་དང་ མཉམ་འབྲེལ་ལུ་དམིགས་པའི་ ཡོངས་འབྲེལ་གྱི་ ས་གོ་ཅིག་ཨིན་པས།
ལས་འགུལ་དེ་ཡང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གིས་ འགོ་བཙུགས་པའི་ཤུལ་ལས་ རིག་རྩལ་པ་དང་ ལས་དོན་གསར་གཏོད་འབད་མི་ཚུ་གིས་ རང་སོའི་བཟོ་སྒྲིག་ཚུ་ དེ་ནང་ཕུལ་ཏེ་ དོ་འགྲན་འབད་ཚུགས་ནི་ཨིན་པས།
དེ་ཡང་ འབྲུག་གི་བྷུ་ཊཱན་བརཛ་དང་ མེ་ཊ་བརཛ་ ༢ ཀྱི་བར་ན་ རྒྱལ་སྤྱིའི་ཨང་གནས་རིག་པའི་ རིགས་རྩལཔ་དང་ སློབ་ཕྲུག་ དེ་ལས་ ཁེ་ལཱ་འབད་མི་ཚུ་ མཉམ་འབྲེལ་ལེགས་ཤོམ་སྦེ་འཐབ་སྟེ་ ཁྱབ་སྤེལ་གཏང་ནི་ཨིན་མི་དེ་ ཝེབ་ ༣ པ་ལུ་ རྒྱབ་སྐྱོར་ཡོད་པའི་ ལས་འགུལ་ཅིག་ཨིན་པས།
ད་རེས་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གིས་ འབྲུག་གི་རྒྱལ་ཡོངས་ ཨང་གནས་ངོ་རྟགས་ གོང་འཕེལ་བཏང་པའི་བསྒང་ཨིན་པའི་གནས་ཚུལ།






Users Today : 1315
Users Yesterday : 1303
This Month : 66987
This Year : 295828
Total Users : 1007644
Views Today : 3195
Total views : 2929227
Who's Online : 15