
དམ་ཆོས་འདུལ་བ་ལས་ དབྱར་ཉེ་བར་བསྒྲུབ་པ་ཡང་ དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལགས་ཏེ་ཟེར་ གསུངས་མི་དང་བསྟུན་ཏེ་ རང་ཟླ་ ༦ པའི་ཚེས་ ༡༦ ལས་ རྟ་མགོ་གསང་ཆེན་རྡོ་རྗེ་ཐེག་པའི་ སློབ་སྦྱོང་སྤེལ་ཁང་ལུ་ རྒྱལ་སྲས་མཆོག་སྤྲུལ་རིན་པོ་ཆེ་ འཇིགས་མེད་བསྟན་འཛིན་དབང་པོ་མཆོག་ དབུ་བཞུགས་ཐོག་ལས་ དགེ་སློང་དང་ དགེ་ཚུལ་བརྒྱ་ཕྲག་ལྷགཔ་ཅིག་གིས་ དབྱར་གནས་བརྩི་སྲུང་ ཞུཝ་ཨིན་པས།
དེ་ཡང་ ཉིན་བསྟར་བཞིན་དུ་ སྡོམ་གསུམ་ཕྱག་ལེན་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་དེ་ དྲོ་པ་ཕྱི་སོ་སོ་ཐར་པའི་སྡོམ་པ་དང་། ཉིན་དགུང་ལུ་ བྱང་ཆུབ་སེམས་དཔའི་སྡོམ་པ། ཕྱི་རོ་གསང་བ་རིག་འཛིན་སྔགས་ཀྱི་སྡོམ་པ་ ཉམས་བཞེས་ཐོག་ ཕྱི་བསྟན་སྲིད་ཀྱི་ སྐུ་རིམ་དང་ སྦྱིན་བདག་ཡོངས་ཀྱི་ རྐྱེན་སེལ་རིམ་འགྲོ། ནང་གནས་རལ་བ་དང་ གྲུམ་པ་བཅོས་པ་ལ་སོགས་པའི་ བྱ་བ་ལས་ཀྱི་འཁོར་ལོ་ཚུ་ སྲུངམ་ཨིན་པས།
དེ་མ་ཚད་ བཅོམ་ལྡན་འདས་ཀྱིས་ དགེ་སློང་དག་ བག་ཡོད་པའི་ རྣལ་འབྱོར་དུ་བྱའོ། །ཟེར་གསུངས་དོ་བཟུམ་སྦེ་ བག་ཡོད་པའི་སྒོ་ལས་ བླང་དོར་གྱི་གནས་ལུ་ བློ་གོམས་པ་སོགས་པའི་ སྤོངས་བ་བསམ་གཏན་གྱི་ འཁོར་ལོ་སྟེ་ མདོར་བསྡུ་བ་ཅིན་ འཁོར་ལོ་རྣམ་པ་གསུམ་གྱི་སྒོ་ལས་ ཉིན་མཚན་དུས་འདའ་བ་སོགས་ ཐུབ་པའི་བསྟན་པ་སྤྱི་དང་ ལྷག་པར་དུ་ དམ་ཆོས་འདུལ་བའི་ བསྟན་པ་ལུ་ ཞབས་ཏོག་ཞུ་བཞིན་དུ་ གནསཔ་ཨིན་པས།
དེ་གི་ནང་ལས་ཡང་ བདུན་ཕྲག་གི་ ངལ་གསོ་ཚུ་དང་བསྟུན་ཏེ་ ས་ཕྱོགས་སོ་སོ་ལས་ལྷོད་མི་ དད་ལྡན་སྦྱིན་བདག་ཡོངས་ལུ་ རྒྱལ་སྲས་མཆོག་སྤྲུལ་རིན་པོ་ཆེའི་ཞབས་ལས་ དམ་པའི་ཆོས་དང་འབྲེལ་བའི་ ལམ་སྟོན་དང་ ཆོས་ཀྱི་བྱིན་རླབས་ཚུ་ གནངམ་ཨིན་པའི་གནས་ཚུལ།





Users Today : 1268
Users Yesterday : 1303
This Month : 66940
This Year : 295781
Total Users : 1007597
Views Today : 3062
Total views : 2929094
Who's Online : 11