མཐའ་ཡས་ལེན་གྱི་ རྒྱལ་པོའི་སྲས་ཅིག་ ཕྱི་རྒྱལ་ལས་ རྒྱལ་ཁབ་ནང་ འགོ་དང་པ་ ལོག་བྱོན་ཡོདཔ།

བི་བི་སི།
ད་རེས་ནངས་པར་ མཐའ་ཡས་ལེན་ལུ་ གཞུང་སྐྱོང་གསརཔ་ གཞི་བཙུགས་དང་འབྲེལ་བའི་ གནས་སྟངས་ཟང་ཟིང་ནང་ ཡུ་ཨེཛ་ལས་ དགུང་ལོ་ ༤༢ བཞེས་མི་ རྒྱལ་སྲས་བ་ཅ་རེ་སཱོན་ བི་བ་ཅ་ར་འོང་སེ་ཟེར་མི་ ལོ་ངོ་ ༢༧ གྱི་རྒྱབ་ལས་ ཁོ་རའི་འཁྲུངས་གཡུས་ལུ་ འགོ་དང་པ་ ལོག་བྱོན་ནུག།
བ་ཅ་རེ་སཱོན་ བི་བ་ཅ་ར་འོང་སེ་དེ་ རྒྱལཔོ་བ་ཇི་ར་ལོང་ཀཱོན་དང་ མཐུན་འབྲེལ་མེད་པའི་ རྒྱལ་སྲས་ ༤ ལས་ ༡ ཨིནམ་ད་ ད་ཚུན་གྱི་བར་ན་ མི་སེར་གྱི་སེམས་ཁར་ ཁོང་སྲས་ ༤ སྐུ་འཁོར་གྱི་ གནས་རིམ་ལས་ ཕྱིར་དབྱུང་ཐོག་ལུ་ གསེར་ཁྲི་གུ་ འབྱོན་ནི་མེད་པའི་ ཡིད་ཆེས་བསྐྱེད་དེ་ སྡོད་ཡོདཔ་ཨིན་པས།
ཨིན་རུང་ གསེར་ཁྲི་ཤུལ་འཛིན་མཛད་སྲིད་མི་ རྒྱལ་པོའི་སྲསམོ་ བཱཇ་ར་ཀི་ཏི་ཡ་བྷ་དེ་ སྤྱི་ཟླ་ ༡༢ པའི་ནང་ བརྒྱལ་སོང་པ་ལུ་བརྟེན་ཏེ་ ད་རེས་ནངས་པར་ཡང་ ཐུགས་དྲན་མེད་ངང་ལུ་ར་ཡོདཔ་ལས་ སྙུང་གཞི་དྭངས་ནི་བཟུམ་ཅིག་ར་ མེདཔ་ཨིན་པས།
མཐའ་ཡས་ལེན་ལུ་ ནམ་གཅིག་གི་ཚེ་ རྒྱལཔོ་དང་ མཐུན་འབྲེལ་མེད་པའི་སྲས་ཅིག་ རྒྱལ་པོའི་ཕྱག་འགན་གྱི་དོན་ལུ་ ལོག་འབྱོན་འོང་མནོ་བའི་ བསམ་འཆར་ཚུ་ བཀོད་དེ་ཡོདཔ་ད་ ད་རེས་ ཕོ་བྲང་ནང་ལས་ གཞུང་འབྲེལ་བརྗོད་དོན་ ག་ནི་ཡང་ བཏོན་བཏོནམ་མེད་རུང་ སྔོན་བརྡ་མེད་པར་ བ་ཅ་རེ་སཱོན་ ལོག་བྱོན་ཡོདཔ་ལས་ མཐུན་ལམ་བསྐྱར་གསོ་ འགོ་བཙུགས་ནི་གི་ གནས་སྐབས་ཅིག་ཨིན་པས་ཟེར་བཀོད་ནུག།
བ་ཅ་རེ་སཱོན་དེ་ རྒྱལཔོ་བ་ཇི་ར་ལོང་ཀཱོན་གྱི་ བཙུན་མོ་གཉིས་པ་ སུ་ཇི་རཱ་ནི་ལུ་ སྲས་སྲོས་ ༥ ཡོད་མིའི་གྲས་ལས་ ༡ ཨིནམ་ད་ ཡུམ་དེ་ ཁྲབ་རྩེདཔ་བགྲེསཔ་ཅིག་ཨིན་པས།
བཙུན་མོ་གཉིས་པ་དེ་ སྤྱི་ལོ་ ༡༩༩༦ ལུ་ རྒྱལཔོ་དང་ ཡ་བྲལ་སོང་ཡོདཔ་ད་ དེ་བསྒང་ བ་ཅ་རེ་སཱོན་དང་ སྐུ་མཆེད་ ༣ ཡུ་ཀེ་ལུ་ སྐུ་ཡོན་བཞེས་ཏེ་ བཞུགས་ཡོདཔ་ལས་ ཁོང་ ༣ ཡང་ ཡུམ་དང་གཅིག་ཁར་ རྒྱལ་ཁབ་ནང་ལས་ བཏོན་བཏང་ནི་དེ་གིས་ ཡུ་ཨེཛ་ལུ་ བཞུགས་ཡོད་རུང་ སྲསམོ་སི་རི་བ་ན་བ་རི་དེ་ མཐའ་ཡས་ལེན་ལུ་ ཡབ་དང་གཅིག་ཁར་ བཞུགས་དགོཔ་སྦེ་ ལོག་ལེན་ནུག།
ད་རེས་ བ་ཅ་རསཱོན་གྱིས་ བེང་ཀོག་ལུ་ ལྟ་བཤལ་པ་ཅིག་བཟུམ་སྦེ་ ཕར་ཚུར་འགྲུལ་བསྐྱོད་ངང་ལུ་ བཞུགས་ཡོད་རུང་ དུས་དང་དུས་ལུ་ ཆོས་ཕྱོགས་ཀྱི་ ཆེ་མཐོའི་མི་ངོམ་ཚུ་དང་ ཨ་ལོ་གསོ་སྐྱོང་ལྟེ་བ་ཚུ་ནང་ གཞུང་འབྲེལ་ལཱ་འགན་ཡོད་དོ་བཟུམ་སྦེ་ར་ གཟིགས་བསྐོར་གནངམ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: