
སི་ཨེན་ཨེན།
ར་ཤི་ཡའི་ དམག་སྡེ་ཚུ་གིས་ ཁོང་གི་མཁའ་དམག་གནམ་གྲུ་ཚུ་གུ་ སྣུམ་འཁོར་གྱི་ འཁོར་ལོ་སྦྱར་ནི་ འགོ་བཙུགས་ཡོདཔ་ད་ དེ་ཡང་ མཁས་མཆོག་ཚུ་གིས་ འཕྲལ་ཁམས་ཅིག་ཁར་ ཡུ་ཀེ་རེན་གྱིས་ ར་ཤི་ཡའི་ དམག་སྒར་ཚུ་ནང་ མཁའ་དམག་གནམ་གྲུ་ཆུང་བ་ཌྲཱོན་ཚུ་ ཡར་སེང་ཐོག་ལས་ གཏང་མི་ཚུ་ བཟློག་ཐབས་ལུ་ འོང་ནི་མས་ཟེར་ཨིན་པས།
འཕྲུལ་སྐར་གྱི་ དཔར་ཆས་ནང་ལས་ གསལ་སྟོན་འབད་བའི་ནང་གསལ་ ར་ཤི་ཡའི་ མཁའ་དམག་གནམ་གྲུ་ཐང་ མེག་སར་ཨེཕ་ཨེན་ཇེལཛ་ཟེར་སར་ རྫས་བམ་བཀོག་མི་ གནམ་གྲུ་ཊི་ཡུ་-༩༥ གཉིས་ སྣུམ་འཁོར་གྱི་ འཁོར་ལོ་ཚུ་གིས་ སྤུར་ཏེ་ཡོདཔ་སྦེ་མཐོང་ནུག།
ར་ཤི་ཡའི་ དམག་སྡེ་ཚུ་གིས་ དེ་བཟུམ་འབད་མིའི་ རྒྱུ་མཚན་ངོ་མ་དེ་ ཤེས་མ་ཚུགས་རུང་ ཡུ་ཀེ་རེན་གྱི་ཌྲཱོན་ཚུ་ བཟློག་ཐབས་དང་གཅིག་ཁར་ གནམ་གྲུ་ཚུ་ ནུབ་མོར་མཐོང་མ་ཚུགསཔ་ བཟོ་ཐབས་ལུ་ཡང་ཨིན་པའི་ དོགས་པ་ཡོདཔ་ཨིན་པས།
ཨིན་རུང་ ཡུ་ཀེ་རེན་གྱིས་ ལག་ལེན་འཐབ་མི་ཌྲཱོན་ཚུ་ བཟོ་བསྐྲུན་འབད་མི་ ཕ་རཱན་སིཛ་ཀོ་ སེ་ར་མར་ཊིན་གྱིས་ གནམ་གྲུ་ཚུ་ འཁོར་ལོ་གིས་ སྤུར་ནི་དེ་གིས་ གནམ་གྲུ་མ་པ་ལས་ར་ མ་མཐོངམ་སྦེ་ བཟོ་མི་ཚུགས་ཟེར་བཤད་ནུག།
དེ་འབདཝ་ད་ གནམ་ཐང་ནང་ གཞི་བཙུགས་འབད་དེ་ཡོད་མི་ ཨིན་ཕར་རེཌ་ཟེར་མི་ དཔར་ཆས་ཚུ་གིས་ བདའ་ཟུན་ནི་གི་ ནུས་ཚད་དེ་ དུམ་གྲ་ཅིག་ མར་ཉམས་འགྱོ་བའི་གུ་ གནམ་གྲུ་གུ་ཕོག་མི་ རྫས་བམ་ཚུ་ གས་པའི་སྐབས་ལུ་ གནམ་གྲུ་དོང་བཏོན་ནི་ལས་ཡང་ བཀག་ཐབས་འབད་ཚུགས་ཟེར་ཨིན་པས།
བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ དམག་སྡེ་འགོ་དཔོན་ཅིག་གིས་ ཁོང་གིས་ཡང་ གནམ་གྲུ་ཚུ་གུ་ འཁོར་ལོ་ཚུ་ སྦྱར་དོ་ཡོད་པའི་སྐོར་ལས་ ཤེས་ཟེར་ཨིནམ་ད་ དེ་ཡང་ ཌྲཱོན་ཚུ་ལས་ བཟློག་ཐབས་ལུ་ཨིན་པའི་ ཡིད་ཆེས་ཡོད་རུང་ ནུས་པ་ག་དེམ་ཅིག་འོང་ག་ སླབ་མི་ཤེས་ཟེར་ བཤད་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།






Users Today : 1264
Users Yesterday : 1303
This Month : 66936
This Year : 295777
Total Users : 1007593
Views Today : 3036
Total views : 2929068
Who's Online : 13