
སྤྱི་ཟླ་ ༡༠ པའི་ཚེས་ ༡༦ ལུ་ རྒྱ་གར་གྱི་ས་གནས་ ཇའེ་སྒང་ལས་ ཐིམ་ཕུ་ལུ་ ཅ་ཆས་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཌི་སི་ཨེམ་ ཊག་ཅིག་གི་ དེད་གཡོགཔ་དང་ ཁོ་གི་ཆ་རོགས་ ༡ ཕུན་ཚོགས་གླིང་ རིན་ཆེན་ལྡིང་ གཅིག་སྒྲིལ་ཞིབ་དཔྱད་སྒོ་ར་ལུ་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ ཞིབ་དཔྱད་སྡེ་ཚན་གྱིས་ བར་བཀག་འབད་དེ་ ཞིབ་དཔྱད་འབདཝ་ད་ སྨན་རྫས་ཨེཛ་པི་པ་ལཱཛ་ཟེར་མི་ བམ་ཆག་ ༡ ནང་ སྨན་ཐུམ་ ༣,༠༦༩ འབད་མི་ཅིག་ སྣུམ་འཁོར་ནང་ སྦ་སྟེ་ཡོདཔ་སྦེ་ བདའ་ཟུན་ནུག།
ས་གནས་དེ་ཁར་ དེད་གཡོགཔ་ལུ་ དྲི་དཔྱད་འབདཝ་ད་ ཁོ་གིས་ སྨྱོ་རྫས་ཚུ་ ཐིམ་ཕུ་ལུ་ སྨྱོ་རྫས་ཉོ་མི་ཚུ་ལུ་ བཙོང་ནི་སྦེ་ ཇའེ་སྒང་ལུ་ ཚོང་འབྲེལ་འཐབ་མི་ཅིག་ལས་ ཉོ་འབག་འོང་ཡི་ཟེར་ བཤད་ཡོདཔ་ད་ མི་ངོམ་གཉིས་ཆ་ར་ དྲི་དཔྱད་འཕྲོ་མཐུད་ཀྱི་དོན་ལས་ ཕུན་ཚོགས་གླིང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ རྩིས་སྤྲོད་འབད་ཡོདཔའི་ གནས་ཚུལ་མདོར་བསྡུས།





Users Today : 746
Users Yesterday : 1453
This Month : 746
This Year : 296712
Total Users : 1008528
Views Today : 1449
Total views : 2931052
Who's Online : 10