
གཞུང་གྲྭ་ཚང་གི་ རྡོར་སློབ་མཆོག་གིས་ གནམ་ལོ་ཆུ་ཡོས་ཟླཝ་ ༩ པའི་ཚེས་ ༦ སྤྱི་ཟླ་ ༡༠ པའི་ཚེས་ ༢༠ ལས་ འགོ་བཙུགས་ཏེ་ ཉིན་གྲངས་ ༥ གི་རིང་ལུ་ གནང་དོ་ཡོད་མི་ བསམ་རྩེ་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོའི་ནང་ དབུ་བཞུགས་མཛདཔ་ཨིན་པས།
དེ་ཡང་ བསམ་རྩེ་རབ་སྡེའི་ བླམ་གནས་བརྟན་གྱིས་གཙོས་པའི་ གཞུང་གྲྭ་ཚང་དང་ བསམ་རྩེ་རབ་སྡེའི་ དགེ་སློང་ཞལ་གྲངས་ ༢༠༠ དེ་ཅིག་གིས་ གནངམ༌མ༌ཚད༌ དད་ལྡན་མི་སེར་ ༡,༠༠༠ ལྷགཔ་ཅིག་ཡང་ སྤུངས་འཛོམས་འབད་དེ་ཡོདཔ་ཨིན་པས།
དེ་ལས་ རང་ཟླ་ ༩ པའི་ཚེས་ ༨ སྤྱི་ཟླ་ ༡༠ པའ་ཚེས་ ༢༢ ལུ་ སངས་རྒྱས་སྨན་བླའི་ དབང་གནང་ནི་དང་ ཚེས་ ༡༠ ལུ་ སྨོན་ལམ་ཆེན་མོ་དེ་ འགྲོལ་ནི་ཨིནམ་ལས་ ཚེས་ ༡༡ ལུ་ སིབ་སུ་ལུ་བྱོན་ཏེ་ ཚེ་དབང་གནང་ནི་དང་ ཚེས་ ༡༢ ལུ་ སྒོམ་ཀྲུ་ལུ་ བྱོན་ཞིནམ་ལས་ སྦྱིན་སྲེག་དང་ བཀའ་དབང་གནང་སྟེ་ ཕུན་ཚོགས་གླིང་ལུ་ ཕེབས་ནི་ཨིན་པས།
རྡོ་རྗེ་སློབ་དཔོན་མཆོག་ རང་ཟླ་ ༩ པའི་ཚེས་ ༡ སྤྱི་ཟླ་ ༡༠ པའི་ཚེས་ ༡༥ ལས་ར་ འགོ་བཙུགས་ཏེ་ བསམ་རྩེ་རྫོང་ཁག་ལུ་ ཆོས་དོན་གཟིགས་སྐོར་གནང་པར་ བྱོན་ཡོདཔ་བཞིན་དུ་ རྡོ་རོ་ཁ་ལུ་ མགོན་པོའི་རྟེན་མདོས་དང་ སྦྱིན་སྲེག་ བཀའ་དབང་དེ་ཚུ་ གནང་པའི་ཁར་ སེང་སྟེང་སློབ་གྲྭའི་ནང་ཡང་ ཚེ་དབང་གནང་ནུག།
དེ་གི་ནང་ལས་ཡང་ ལྷོཔ་ཚུ་གིས་ རང་སོའི་ཕམ་གྱོངས་པའི་སྐབས་ལུ་ སེམས་ཅན་སྲོག་གཅོད་འབད་སྲོལ་ཡོད་མི་ སྔ་སྲོལ་ལམ་ལུགས་དེ་ སྤང་དགོ་པའི་ བཀའ་སློབ་དང་བཅསཔ་སྦེ་ མ་ཎི་དང་ བཛྲ་གུ་རུའི་ ལྗགས་ལུང་ཚུ་ཡང་ གནང་ཡོད་པའི་གནས་ཚུལ།





Users Today : 239
Users Yesterday : 1453
This Month : 239
This Year : 296205
Total Users : 1008021
Views Today : 515
Total views : 2930118
Who's Online : 8