
རོའི་ཊརཛ།
སྤྱི་ཟླ་ ༡༡ པའི་ཚེས་ ༣ ལུ་ ཨིཛ་རེལ་གྱིས་ སླབ་མིའི་ནང་ ཁོང་གིས་ ཧ་མཱཛ་སྡེ་ཚན་ རྩ་མེད་གཏ་ཐབས་ལུ་ གཙོ་བོར་བཏོན་ཏེ་ ག་ཟ་ཁྲོམ་དེ་ ཁོང་གི་དམག་མི་ཚུ་གིས་ མཐའ་བསྐོར་ཏེ་ཡོད་ཟེར་ཨིན་པས།
དེ་དང་དུས་མཉམ་སྦེ་ ཡུ་ཨེཛ་གི་ ཁ་ཐུག་ལས་ པེ་ལེཛ་ཊིན་གྱི་ ས་ཁོངས་ནང་ གྲོགས་རམ་ཚུ་ བསྐྱལ་ནིའི་དོན་ལས་ ཕྱད་མདའ་མཚམས་འཇོག་འབད་དགོཔ་སྦེ་ ཨིཛ་རེལ་གྱི་བློན་ཆེན་ བེན་ཇ་མིན་ ནེ་ཏན་ཡ་ཧུ་ལུ་ ནན་སྐུལ་འབད་ནུག།
ཨིཛ་རེལ་དང་ ཧ་མཱཛ་གཡིབ་དམག་གི་བར་ན་ ཕྱད་མདའ་འགོ་བཙུགས་ཏེ་ བདུན་ཕྲག་ ༤ མ་ལངམ་ཅིག་ སོང་ཡོདཔ་ད་ ཧ་མཱཛ་གཡིབ་དམག་གི་ དམག་མི་ཚུ་ ས་དོང་ནང་ལས་ཐོན་ཏེ་ གནོད་འཚུབ་བཀལཝ་ཅིག་ འབྱོག་འགྱོ་ནི་གི་ ཐབས་ཤེས་ཚུ་ཡང་ ལག་ལེན་འཐོ་དོ་ཡོདཔ་ཨིན་པས།
ནེ་ཏན་ཡ་ཧུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་རེས་ དམག་འཁྲུག་ཚབས་ཆེན་སྦེ་ར་ ལང་ཐོག་ལས་ ཨིཛ་རེལ་གྱིས་ ག་ཟ་ཁྲོམ་ལུ་ འཛུལ་ཐབས་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ ཨེན་ཊོ་ནི་ བི་ལིང་ཀེན་གྱིཧ་ འཛམ་གླིང་ཤར་དབུས་ལུ་ ལྟ་སྐོར་འབད་དོ་ཡོདཔ་ད་ ཁོ་གིས་ ག་ཟ་ལུ་ཡོད་མི་ ཞི་བའི་མི་སེར་ཚུ་ལུ་ གནོད་པ་མར་ཕབ་སྐོར་ལས་ ལོ་རྒྱུས་ཚུ་ སླབ་ནི་ཨིན་པའི་སྐོར་ གསལ་བཤད་འབད་ནུག།
ག་དེ་སྦེ་ར་ཨིན་རུང་ ཨིཛ་རེལ་གྱིས་ ཕྱད་མདའ་རྐྱབ་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ག་ཟ་ཁྲོམ་ཁར་ ཉུང་ཤོས་ར་ མི་གྲངས་ ༩,༠༦༡ དེ་ཅིག་ དམར་བསད་ནུག་ཟེར་ཨིན་པས།
འཛམ་གླིང་སྤྱི་ཚོགས་ རང་དབང་ཅན་གྱི་ མཁས་མཆོག་ཚུ་གིས་ ག་ཟ་ལུ་ཡོད་མི་ པེ་ལིཛ་ཊིན་གྱི་ མི་ཁུངས་ཚུ་ལུ་ ཉེན་ཁ་སྦོམ་སྦེ་ར་ཡོདཔ་ལས་ ཨིཛ་རེལ་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ ཕྱད་མདའ་མཚམས་འཇོག་འབད་དགོ་པའི་ ནན་སྐུལ་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 5302
Users Yesterday : 10639
This Month : 23008
This Year : 318974
Total Users : 1030790
Views Today : 6554
Total views : 2966724
Who's Online : 14