སྤུངས་ཐིམ་གཞུང་གྲྭ་ཚང་གི་ འཕགས་པའི་དགེ་འདུནམ་ཚུ་ དགུན་གྱི་བཞུགས་གནས་ སྤུངས་ཐང་བདེ་བ་ཆེན་མོའི་ཕོ་བྲང་ནང་ གསོལ་ཐབ་ཕེབས་ཡོདཔ།

གནམ་ལོ་ཆུ་ཡོས་ཟླཝ་ ༡༠ པའི་ཚེས་ ༡ སྤྱི་ཟླ་ ༡༡ པའི་ཚེས་ ༡༤ ལུ་ སྤུངས་ཐིམ་གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ དབུ་གཙོས་པའི་ སློབ་དཔོན་ལྷན་རྒྱས་ ༤ དང་ འཕགས་པའི་དགེ་འདུནམ་ཚུ་ དགུན་གྱི་བཞུགས་གནས་ སྤུངས་ཐང་བདེ་བ་ཆེན་མོའི་ཕོ་བྲང་ནང་ གསོལ་ཐབ་ཕེབས་གནང་ནུག།

དེ་བསྒང་ སྤུ་ན་རྫོང་ཁག་གི་ ཁ་ཐུག་ལས་ སེར་སྦྲེངས་དང་བཅས་པའི་སྒོ་ལས་ ཕེབས་བསུ་ཞུ་བའི་ཁར་ རྫོང་ནང་ཕེབས་པའི་སྐབས་ལུ་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་ཚུ་ཡང་ བརྩི་སྲུང་ཞུ་ཡོདཔ་ཨིན་པས།

དེ་མ་ཚད་ བྱོན་ལམ་ལམ་བདའ་སྟེ་ དད་ཅན་མི་སེར་ ཁྲི་ཕྲག་ལས་བཅད་དེ་ རྟེན་དབང་ཞུ་ནིའི་དོན་ལུ་ སྤུངས་འཛོམས་འབད་ནུག།

ད་ལས་ཕར་ ཟླ་ངོ་ ༦ གི་རིང་ལུ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ བཞུགས་ཞིནམ་ལས་ སང་ཕོད་ རང་ཟླ་ ༤ པའི་ཚེས་ ༡ ལུ་ གནམ་བྱཱར་གྱི་བཞུགས་གནས་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་ ལོག་འབྱོན་ནི་ཨིན་པའི་ གནས་ཚུལ་མདོར་བསྡུས།

Please follow and like us: