སྤ་རོ་རྒྱལ་གཞུང་འགག་སྡེ་གིས་ སྨྱོ་རྫས་དང་འབྲེལ་བའི་འཛིན་བཟུང་།

སྤྱི་ཟླ་ ༡༡ པའི་ཚེས་ ༢༡ ལུ་ སྤ་རོ་རྒྱལ་གཞུང་འགག་སྡེ་གིས་ གལ་གནད་ཆེ་བའི་ བརྡ་དོན་ལུ་ མགྱོགས་ཤུགས་ཀྱི་ ངོས་ལེན་ཐོག་ སྤ་རོ་དོབ་ཤར་རི་ བྱང་ས་ལས་ སྐྱེས་ལོ་ ༢༦ འབད་མི་ ཟླ་བ་རྒྱལ་མཚན་དང་ སྐྱེས་ལོ་ ༢༨ འབད་མི་ ཨམ་སྲུ་པདྨ་ ༢ སྨྱོ་རྫས་ནག་ཚོང་ནང་ འབྲེལ་གཏོགས་ཡོད་པའི་ དོགས་ཟོན་ཐོག་ལུ་ འཛིན་བཟུང་འབད་ཡོདཔ་ད་ ཁོང་གཉིས་ཆ་ར་ སྨྱོ་རྫས་ལོག་སྤྱོད་ཀྱི་ བརྟག་དཔྱད་འབདཝ་ད་ སྨྱོ་རྫས་སྤྱོད་ཡོདཔ་སྦེ་ཐོན་ནུག། 

ཞིབ་དཔྱད་མཐིལ་ཕྱིན་སྦེ་ འགོ་འདྲེན་འཐབ་པའི་སྐབས་ལུ་ ཟླ་བའི་སྡོད་ཁྱིམ་དང་ སྣུམ་འཁོར་ནང་ ཨེཛ་པི་པ་ལཱཛ་ སྨན་ཐུམ་ ༣,༥༠༠ ཐོབ་ཡོདཔ་མ་ཚད་ པདྨའི་ཉལ་ཁང་ནང་ལས་ཡང་ ཀེ་ཧང་ག་རམ་ ༢༣.༡༡ འབད་མི་ཅིག་ མལ་གདན་འོག་ལས་ ཐོབ་ཡོདཔ་ཨིན་པས།

ད་རེས་ གནད་དོན་དེ་ དབྱེ་ཞིབ་འབད་དོ་ཡོདཔ་ད་ རྒྱལ་གཞུང་འགག་སྡེའི་ ཁ་ཐུག་ལས་ སྨྱོ་རྫས་ནག་ཚོང་དང་ ལོག་སྤྱོད་ཚུ་ བཀག་ཐབས་ལུ་དང་ དེ་བཟུམ་མའི་  ཁྲིམས་འགལ་གྱི་ ལཱ་བྱ་འཐབ་ནི་ལུ་ བཟོད་གསོལ་མེད་པའི་ སྲིད་བྱུས་ཀྱི་ རྒྱབ་སྐྱོར་ལུ་ མི་མང་གིས་ རྒྱབ་སྐྱོར་གང་དྲག་འབད་དགོ་པའི་ ནན་སྐུལ་འབདཝ་ཨིན་པའི་གནས་ཚུལ།

Please follow and like us: