
ཨེ་བི་སི།
སྤྱི་ཟླ་ ༡༢ པའི་ཚེས་ ༡ ལུ་ འཛམ་གླིང་སྤྱི་ཚོགས་ གནམ་གཤིས་གནས་སྟངས་ཀྱི་ འཐུས་མི་རྒྱལ་ཁབ་ཚུ་གིས་ གནམ་གཤིས་གནས་སྟངས་ལུ་བརྟེན་ཏེ་ གྱོང་རྒུད་དང་ དཀའ་སྡུག་མྱོང་མི་ རྒྱལ་ཁབ་ཚུ་ལུ་ རྒུད་གསོའི་དོན་ལས་ མ་དངུལ་ཅིག་ གཞི་བཙུགས་འབད་ནི་སྦེ་ ཁ་འཆམ་བྱུང་ནུག།
དེ་ཡང་ འཐུས་མི་རྒྱལ་ཁབ་ ལ་ལོ་ཅིག་གིས་ མ་དངུལ་ཚུ་ དེ་འཕྲལ་ལས་ བཙུགས་ཡོད་རུང་ དངུལ་བསྡོམས་ཚུ་ རེ་འདུན་བསྐྱེད་མི་ ཚད་གཞི་ཁར མིན་འདུག་ཟེར་ཨིན་པས།
ཞལ་འཛོམས་དེ་གི་གཙོ་འཛིན་ སུལ་ཏཱན་ཨ་ཧ་མེ་ ཨཱལ་ཇ་བར་གྱིས་ ཞལ་འཛོམས་ཉིན་དང་པའི་ནང་ར་ དེ་བཟུམ་མའི་ གྲོས་ཆོད་བཏོན་མི་དེ་ འགོ་དང་པ་ཨིན་པའི་ གསལ་བཤད་དང་འབྲེལ་ཏེ་ ཁོ་གི་རྒྱལ་ཁབ་ ཡུ་ནའི་ཊེཌ་ཨ་རབ་ ཨེ་མི་རེཊཛ་གིས་ཡང་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༡༠༠ བཙུགས་ནུག།
དེ་བཟུམ་སྦེ་ ཇར་མ་ནི་གིས་གཙོས་པའི་ རྒྱལ་ཁབ་གཞན་ཚུ་གིས་ཡང་ ཌོ་ལར་ས་ཡ་ ༡༠༠ རེ་ བཙུགས་ནི་ཨིན་པའི་ ཁས་ལེན་འབད་ཝ་བཞིན་དུ་ ཆུ་ཚོད་ ༡ གི་ ནང་འཁོད་ལུ་ར་ ཌོ་ལར་བསྡོམས་ ས་ཡ་ ༤༢༠ མ་དངུལ་དེ་ནང་ བཙུགས་ཡོདཔ་ཨིན་པས།
ཡུ་ཨེཛ་གི་ གནམ་གཤིས་དང་འབྲེལ་བའི་ངོ་ཚབ་ ཇཱོན་ཀེ་རི་གིས་ ཡུ་ཨེཛ་གཞུང་གི་ ཁ་ཐུག་ལས་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༡༧.༥ བཙུགས་ནི་གི་དོན་ལས་ སྤྱི་ཚོགས་དང་གཅིག་ཁར་ ལཱ་འབད་བའི་བསྒང་ཡོད་པའི་སྐོར་ལས་ གསལ་བཤད་འབད་ནུག།
མ་གཞི་ གོང་འཕེལ་འགྱོ་བའི་བསྒང་འབད་མི་ རྒྱལ་ཁབ་ཚུ་གིས་ གནམ་གཤིས་འགྱུར་བ་ཚུ་ བདེ་སྒྲིག་གི་དོན་ལས་ མ་དངུལ་དེ་ནང་ ལོ་བསྟར་བཞིན་དུ་ ཡུ་ཨེཛ་ཌོ་ལར་ ཐེར་འབུམ་ ༣༨ ལྷགཔ་རེ་ དགོས་མཁོ་ཡོད་རུང་ འཐུས་མི་རྒྱལ་ཁབ་ཚུ་ལུ་ མ་དངུལ་བཙུགས་དགོ་པའི་ འགན་ཁུར་མེད་ཟེར་ འཛམ་གླིང་སྤྱི་ཚོགས་ཀྱིས་ བཤད་ཡོད་པའི་སྐོར་ལས་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1408990
Views Today :
Total views : 5000
Who's Online :