
རོའི་ཊརཛ།
ཧ་མཱཛ་དང་ ཨིཛ་རེལ་གྱི་ ཕྱད་མདའ་དེ་ ཉིན་གྲངས་ ༦ གི་རིང་ལུ་ མཚམས་འཇོག་འབད་མི་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༢༩ ལུ་ མཇུག་བསྡུ་ཡོདཔ་ལས་ ད་རུང་ཡང་ ཀ་ཊར་གྱིས་ བར་འཛུལ་ཐོག་ལུ་ དེ་བཟུམ་མའི་ མཚམས་འཇོག་གི་དོན་ལས་ སྒྲིག་ཆ་ཚུ་ བཟོ་དོ་ཡོདཔ་ཨིན་པས།
ཨིཛ་རེལ་གྱི་ ཁ་ཐུག་ལས་ ཧཱ་མཱཛ་གིས་ ཨིཛ་རེལ་གྱི་ མི་སེར་ཚུ་ བཙན་བཟུང་ཐོག་ལུ་ཡོད་མི་ ཉུང་ཤོས་ར་ མི་གྲངས་ ༡༠ དེ་རེ་ ཉིན་བསྟར་བཞིན་དུ་ འཛིན་གྲོལ་འབད་བ་ཅིན་ ཕྱད་མདའ་མཚམས་འཇོག་གི་ དུས་ཡུན་ཕར་འགྱངས་འབད་འོང་ཟེར་བཤད་ནུག
དེ་འབདཝ་ད་ བཙན་བཟུང་ཐོག་ལུ་ཡོད་མི་ ཨིཛ་རེལ་གྱི་ ཨམ་སྲུ་དང་ ཨ་ལོ་ཚུ་ ཉུང་སུ་ཅིག་ལས་མེད་ནི་དེ་གིས་ ཨིཛ་རེལ་གྱི་ ཕོ་སྐྱེས་ཚུ་ འཛིན་གྲོལ་འབད་དགོ་པ་ཅིན་ སྒྲིག་ཆ་ལོགས་སུ་སྦེ་ བཟོ་དགོཔ་བཟུམ་ཅིག་ཡོདཔ་ཨིན་པས།.
པེ་ལིཛ་ཊིན་གྱི་ དྲག་ཐོག་དབང་བཙོང་སྡེ་ཚན་ ཧཱ་མཱཛ་དང་ ཡན་ལག་སྡེ་ཚན་ ཨིཛ་ལ་མིག་ ཇི་སཱཌ་གིས་ སྤྱི་ཟླ་ ༡༡ པའི་ཚེས་ ༨ ལུ་ ཨིཛ་རེལ་གྱི་ མི་སེར་ ༡༠ དང་ མཐའ་ཡས་ལེན་གྱི་ མི་སེར་ ༢ འཛིན་གྲོལ་འབད་མི་དེ་རྩིས་ཏེ་ མི་གྲངས་ ༨༡ འཛིན་གྲོལ་འབད་ནུག།
ཧཱ་མཱཛ་གིས་ བཙན་བཟུང་ཐོག་ལུ་ཡོད་མི་ ཨིཛ་རེལ་གྱི་མི་སེར་ འཛིན་གྲོལ་འབད་བའི་ཤུལ་ལས་ ཨིཛ་རེལ་གྱིས་ཡང་ པེ་ལིཛ་ཊིན་གྱི་ མི་སེར་ ༣༠ འཛིན་གྲོལ་འབད་མི་བརྩིས་ཏེ་ མི་གྲངས་བསྡོམས་ ༡༨༠ འཛིན་གྲོལ་འབདཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ ཧཱ་མཱཛ་གཡིབ་དམག་མི་ཚུ་གིས་ མཚོན་ཆ་ཚུ་འབག་སྟེ་ ལྷོ་ཕྱོགས་ཨིཛ་རེལ་ལུ་ གནོད་འཚུབ་བཀལཝ་ད་ ཨིཛ་རེལ་གྱི་ མི་གྲངས་ ༢༤ དེ་ཅིག་ བཙན་བཟུང་འབད་དེ་ཁྱིད་ནུག།
དེ་མ་ཚད་ གནོད་འཚུབ་ཀྱི་སྐབས་ལུ་ ཧཱ་མཱཛ་དམག་མི་ཚུ་གིས་ མི་གྲངས་ ༡,༢༠༠ དེ་ཅིག་ དམར་བསད་འབད་ཡོདཔ་ལས་ ཨིཛ་རེལ་གྱིས་ཡང་ དྲག་པོའི་ཐོག་ལས་ གདོང་ལེན་འབད་དེ་ ཧཱ་མཱཛ་གི་ དབང་ཆ་འོག་ལུ་ཡོད་མི་ ས་གནས་ག་ཟ་ལུ་ མི་གྲངས་ ༡༥,༠༠༠ ལྷགཔ་གཅིག་ དམར་བསད་འབད་བའི་ཤུལ་ལས་ ཨིཛ་རེལ་དང་ ཧཱ་མཱཛ་གི་བར་ན་ ཕྱད་མདའ་ཤུགས་ཅན་སྦེ་ར་ལང་ནི་ འགོ་བཙུགས་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1384
Users Yesterday : 1303
This Month : 67056
This Year : 295897
Total Users : 1007713
Views Today : 3405
Total views : 2929437
Who's Online : 5