
ཨེན་ཌི་ཊི་ཝི།
སྤྱི་ཟླ་ ༡༢ པའི་ཚེས་ ༡ ལུ་ རྒྱ་ནག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨཱཕ་གྷ་ནིཛ་ཏཱན་ ཏ་ལི་བཱན་གཞུང་གིས་ རྒྱ་ནག་ལུ་ གཞུང་ཚབ་བསྐོ་བཞག་འབད་ཡི་ཟེར་ཨིན་པས།
དེ་ཡང་ ཏཱ་ལི་བཱན་གཞུང་གི་ མགྲིན་ཚབ་བགྲེསཔ་ བི་ལཱལ་ཀ་རི་མི་དེ་ སྤྱི་ཟླ་ ༡༡ པའི་ མཇུག་བསྡུ་ཁམས་ཅིག་ཁར་ རྒྱ་ནག་ལུ་ ལྷོད་ཡོདཔ་ད་ ཏ་ལི་བཱན་གཞུང་གི་ ཕྱི་འབྲེལ་ལྷན་ཁག་ལས་ མགྲིན་ཚབ་ཨབ་དུལ་ ཀ་ཧར་བཱལ་ཁི་གིས་ མི་ངོམ་དེ་ ཁོང་གི་ཁ་ཐུག་ལས་ རྒྱ་ནག་ལུ་ གཞུང་ཚབ་ཨིན་ཟེར་བཤད་ནུག།
སྤྱི་ལོ་ ༢༠༢༡ ལུ་ ཏ་ལི་བཱན་གྱིས་ ཨཱཕ་གྷ་ནིཛ་ཏཱན་གྱི་ གཞུང་སྐྱོང་འགོ་བཙུགས་པའི་ཤུལ་ལས་ རྒྱ་ནག་ལུ་ གཞུང་ཚབ་བསྐོ་བཞག་འབད་མི་དེ་ ཐེངས་དངཔ་ཨིན་པས།
རྒྱ་ནག་གི་ ཕྱི་འབྲེལ་ལྷན་ཁག་ལས་ གནད་དོན་དེ་གི་ ཁ་གསལ་ཅིག་ ག་ནི་ཡང་ བཤད་མ་བཏུབ་པར་ཡོདཔ་ད་ ད་རེས་ ཨཱཕ་ག་ནིཛ་ཏཱན་གྱིས་ གཞུང་ཚབ་བསྐོས་མི་ལུ་ རྒྱ་ནག་གིས་ གཞུང་འབྲེལ་ཐོག་ལུ་ ངོས་ལེན་འགྲུབ་མི་འགྲུབ་དེ་ ཧ་མ་གོ་བར་ཡོདཔ་ཨིན་པས།
ཏ་ལི་བཱན་གཞུང་གིས་ ཧེ་མ་ཡང་ བེ་ཇིང་ལུ་ཡོད་མི་ ཨཱཕ་ག་ནིཛ་ཏཱན་གྱི་ གཞུང་ཚབ་ཡིག་ཚང་ནང་ ཁོང་གི་ལས་བྱེདཔ་ཅིག་ བཏང་ཡོདཔ་ད་ ལས་བྱེདཔ་དེ་ གོ་གནས་ཆུང་ཀུ་འབདཝ་ལས་ བེ་ཇིང་གཞུང་གིས་ ངོས་ལེན་འགྲུབ་དགོཔ་ མེདཔ་ཨིན་པས།
ད་ཚུན་གྱི་བར་ན་ རྒྱ་ནག་གིས་གཙོས་པའི་ རྒྱལ་ཁབ་ག་གིས་ཡང་ ཏ་ལི་བཱན་གཞུང་ལུ་ ངོས་ལེན་མ་འགྲུབ་པར་ཡོདཔ་ད་ དུས་ཅི་ སྤྱི་ཟླ་ ༩ པའི་ནང་ རྒྱ་ནག་གིས་ ཨཱཕ་ག་ནིཛ་ཏཱན་ལུ་ གཞུང་ཚབ་གསརཔ་ཅིག་ བསྐོ་བཞག་འབད་ནུག།
ཏ་ལི་བཱན་གཞུང་གིས་ རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་གིས་ འཁོར་ལམ་གྱི་ གཞི་རྟེན་མཁོ་ཆས་ལས་འགུལ་ནང་ མཉམ་འབྲེལ་འབད་ནི་གི་ འཆར་གཞི་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།







Users Today :
Users Yesterday :
This Month :
This Year :
Total Users : 1408307
Views Today :
Total views : 5000
Who's Online :