
སྤྱི་ཟླ་ ༡ པའི་ཚེས་ ༤ གི་དྲོ་པར་ ཕུན་ཚོགས་གླིང་ གཅིག་སྒྲིལ་སྒོ་ར་གཙོ་བོའི་ནང་ལས་ སྨྱོ་རྫས་ནག་ཚོང་འཐབ་མི་ ཕོ་སྐྱེས་ ༡ འཛིན་བཟུང་འབད་ནུག།
དེ་ཡང་ བུམ་ཐང་ལས་ སྐྱེས་ལོ་ ༣༣ འབད་མི་ བཀྲིས་དབང་འདུས་ཀྱིས་ ཨེཛ་པི་པཱ་ལཱཛ་ཟེར་མི་ སྨྱོ་རྫས་སྨན་ཐུམ་ ༧,༤༠༠ འབག་སྟེ་ཡོདཔ་ད་ ཁོ་ལུ་ དྲི་དཔྱད་འབད་བའི་སྐབས་ལུ་ སྨྱོ་རྫས་དེ་ རྒྱ་གར་གྱི་ས་གནས་ ཇའི་སྒང་ལས་ ངོས་འཛིན་མེད་པའི་ མི་ངོམ་ཅིག་ལས་ དངུལ་ཀྲམ་ ༦༥,༠༠༠ སྤྲོད་དེ་ ཉོ་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ཨིན་པས།
སྨྱོ་རྫས་དེ་ཚུ་ ཁོ་གི་སྣུམ་འཁོར་ཨང་ བི་པི་-༡-༣༥༧༢ ཀྱི་ བོ་ཎེཊ་ཟེར་མི་ འཕྲུལ་ཨམ་གྱི་ ཐོག་བཀབ་འོག་ལུ་བཙུགས་ཏེ་ འབག་འོང་ཡོདཔ་ད་ གནད་དོན་དེ་གི་སྐོར་ལས་ ཞིབ་དཔྱད་འཕྲོ་མཐུད་ཀྱི་དོན་ལུ་ དེ་འཕྲལ་ལས་ར་ ཕུན་ཚོགས་གླིང་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ རྩིས་སྤྲོད་འབད་ནུག།
ཁྲིམས་དོན་བསྟར་སྤྱོད་དབང་འཛིན་ཚུ་གིས་ ད་རེས་ནངས་པར་ སྨྱོ་རྫས་ནག་ཚོང་གི་ བརྒྱུད་སྤེལ་ཐབས་ལམ་ཚུ་ ཞིབ་དཔྱད་སྒོ་ར་ལས་ གསང་བརྟོལ་འབད་ཐབས་ལུ་ བརྩོན་ཤུགས་འཕྲོ་མཐུད་དེ་ར་ བསྐྱེད་མི་དང་འབྲེལ་ཏེ་ ཕུན་ཚོགས་གླིང་ གཅིག་སྒྲིལ་སྒོ་ར་ལུ་ ཕྱག་ཞུ་མི་ཚུ་གིས་ རྒྱལ་ཁམས་ཀྱི་ ཁྲིམས་ལུགས་ལུ་ ལྷག་བསམ་རྣམ་དག་གི་ བརྩི་བཀུར་ཐོག་ལས་ ས་མཚམས་དེ་ ཡང་དག་སྦེ་ བཞག་ཐབས་་་་ལུ་ བརྩོན་ཤུགས་ལྷོད་མེད་ བསྐྱེད་དོ་ཡོདཔ་ཨིན་པས།
དེ་བཟུམ་མའི་ གནས་སྟངས་ནང་ མི་མང་གིས་ རྒྱབ་སྐྱོར་འབད་ནི་དེ་ གལ་ཆེཝ་ལས་ ཕུན་ཚོགས་གླིང་ གཅིག་སྒྲིལ་སྒོ་ར་ལུ་ ཕྱག་ཞུ་མི་ཚུ་གིས་ མི་སྡེ་ཚུ་གི་ཁ་ཐུག་ལས་ འབྲེལ་ཡོད་བརྡ་དོན་ཚུ་སྤྲོད་དེ་ ཁྲིམས་འགལ་གྱི་ སྨྱོ་རྫས་ཚུ་ རྒྱལ་ཁབ་ནང་ འབག་འོང་ནི་ བཀག་ཐབས་ལུ་ ཆ་རོགས་ག་དེ་དྲག་དྲག་འབད་གནང་དགོ་པའི་ ནན་སྐུལ་ཡང་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།





Users Today : 2525
Users Yesterday : 3909
This Month : 128200
This Year : 424167
Total Users : 1135983
Views Today : 6164
Total views : 3142737
Who's Online : 12