
སྤྱི་ཟླ་ ༡ པའི་ཚེས་ ༡༥ ལུ་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་ བརྟག་ཞིབ་ཚོགས་སྡེ་གིས་ སྤྱི་ལོ་ ༢༠༢༣ གྱི་ སློབ་རིམ་ ༡༢ པ་དང་ སློབ་རིམ་ ༨ པའི་ ཆོས་རྒྱུགས་ཀྱི་ གྲུབ་འབྲས་ཚུ་ གསལ་བསྒྲགས་འབད་ཡི།
དེ་ཡང་ གཞུང་གི་སློབ་གྲྭ་ ༧༡ དང་ སྒེར་གྱི་སློབ་གྲྭ་ ༡༠ འབདཝ་ད་ འབྲིང་རིམ་སློབ་གྲྭ་གོང་མ་ ༨༡ ལས་ སློབ་ཕྲུག་བསྡོམས་ ༡༠,༡༣༡ གིས་ སློབ་རིམ་ ༡༢ པའི་ ཆོས་རྒྱུགས་ཕུལ་མིའི་གྲས་ལས་ སློབ་ཕྲུག་ ༡,༣༠༨ ཀྱིས་ མཐར་འཁྱོལ་མ་ཚུགསཔ་ཨིན་པས།
ནང་རིག་ཆོས་ཚན།
སློབ་རིམ་ ༡༢ པའི་ ནང་རིག་ཆོས་ཚན་ནང་ ཐིམ་ཕུ་དབྱངས་ཅན་ཕུག་ འབྲིང་རིམ་སློབ་གྲྭ་གོང་མ་ལས་ བསོད་ནམས་མཚོ་སྐྱེས་སྒྲོལ་དཀར་གྱིས་ སྐུགས་ཚད་བརྒྱ་ཆ་ ༩༠ ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ད་ ཐིམ་ཕུ་སྡེ་སྲིད་སློབ་གྲྭ་ལས་ བཀྲིས་འཚོ་མོ་གིས་ བརྒྱ་ཆ་ ༨༨.༧༧ ཐོབ་སྟེ་ ཨང་ ༢ པ་དང་ རྩི་རང་འགྲམ་ཕུག་སློབ་གྲྭ་ལྟེ་བ་ལས་ ཀུན་དགའ་ལྷ་སྐྱིད་དཔལ་འཛོམས་ཀྱིས་ བརྒྱ་ཆ་ ༨༨ ཐོབ་སྟེ་ ཨང་ ༣ པ་ཐོན་ནུག།
ཆོས་ཚན་དེ་ནང་ སློབ་ཕྲུག་བསྡོམས་ ༣,༧༨༠ གིས་ ཆོས་རྒྱུགས་ཕུལ་མིའི་གྲས་ལས་ སློབ་ཕྲུག་ ༣,༥༢༧ འབདཝ་ད་ བརྒྱ་ཆ་ ༩༣.༣༡ གིས་ མཐར་འཁྱོལ་ཡོདཔ་ཨིན་པས།
ཚོང་རིག་ཆོས་ཚན།
དེ་བཟུམ་སྦེ་ ཚོང་རིག་ཆོས་ཚན་ནང་ སྡེ་སྲིད་སློབ་གྲྭ་ལས་ ཀརྨ་བསོད་ནམས་ཀྱིས་ སྐུགས་ཚད་བརྒྱ་ཆ་ ༨༧.༥༠ ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ད་ འགྲམ་ཕུག་སློབ་གྲྭ་ལྟེ་བ་ལས་ རིག་གསར་རྣམ་རྒྱལ་གྱིས་ བརྒྱ་ཆ་ ༨༦ ཐོབ་སྟེ་ ཨང་ ༢ པ་དང་ སྤ་རོ་ཀརྨ་སློབ་གྲྭ་ཆེ་བ་ལས་ ནི་ཏི་ཏ་ པར་དཱན་གྱིས་ བརྒྱ་ཆ་ ༨༥.༢༥ ཐོབ་སྟེ་ ཨང་ ༣ པ་ཐོན་ནུག།
ཆོས་ཚན་དེ་ནང་ སློབ་ཕྲུག་བསྡོམས་ ༢,༧༡༩ གིས་ ཆོས་རྒྱུགས་ཕུལ་མིའི་གྲས་ལས་ སློབ་ཕྲུག་ ༢,༢༡༩ འབདཝ་ད་ བརྒྱ་ཆ་ ༨༤.༣༠ གིས་ མཐར་འཁྱོལ་ཡོད་རུང་ སློབ་ཕྲུག་ ༤༢༧ གྱིས་ མཐར་འཁྱོལ་མ་ཚུགསཔ་ཨིན་པས།
ཚན་རིག་ཆོས་ཚན།
ཚན་རིག་ཆོས་ཚན་ནང་ ཨྱོན་རིག་པའི་འབྱུང་གནས་སློབ་གྲྭ་ལས་ དགེ་ལེགས་རྒྱ་མཚོ་གིས་ སྐུགས་ཚད་བརྒྱ་ཆ་ ༩༠.༥ ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ད་ ད་རུང་ སློབ་གྲྭ་དེ་ནང་ལས་ར་ ཀེ་ལི་བཀྲིས་ཡོན་ཏན་གྱིས་ བརྒྱ་ཆ་ ༩༠.༢༥ ཐོབ་སྟེ་ ཨང་ ༢ པ་ཐོན་ནུག།
དེ་ལས་ དབྱངས་ཅན་ཕུག་ འབྲིང་རིམ་སློབ་གྲྭ་གོང་མ་ལས་ འཇིགས་མེད་འོད་ཟེར་དང་ ཀརྨ་སློབ་གྲྭ་ཆེ་བ་ལས་ བསོད་ནམས་དབང་ཆེན་ ཨྱོན་རིག་པའི་འབྱུང་གནས་ལས་ ལེགས་ལྡན་འཕྲིས་སྟོབས་རྒྱས་ཚུ་གིས་ སྐུགས་ཚད་བརྒྱ་ཆ་ ༨༩ རེ་ཐོབ་སྟེ་ ཨང་ ༣ པ་ ཐོན་ཡོདཔ་ཨིན་པས།
ཆོས་ཚན་དེ་ནང་ སློབ་ཕྲུག་བསྡོམས་ ༣,༦༣༢ ཀྱིས་ ཆོས་རྒྱུགས་ཕུལ་མིའི་གྲས་ལས་ སློབ་ཕྲུག་ ༣,༠༠༤ འབདཝ་ད་ བརྒྱ་ཆ་ ༨༢.༧༡ གིས་ མཐར་འཁྱོལ་ཡོད་རུང་ སློབ་ཕྲུག་ ༦༢༨ ཀྱིས་ མཐར་འཁྱོལ་མ་ཚུགསཔ་ཨིན་པས།
སྐད་ཡིག་དང་ ལམ་སྲོལ་ཆོས་ཚན།
སྐད་ཡིག་དང་ ལམ་སྲོལ་ཆོས་ཚན་ནང་ སྟག་རྩེ་སློབ་གྲྭ་ལྟེ་བ་ལས་ ཨྱོན་དཔལ་འབྱོར་གྱིས་ སྐུགས་ཚད་བརྒྱ་ཆ་ ༨༨.༧༥ ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ད་ ད་རུང་ སློབ་གྲྭ་དེ་ནང་ལས་ར་ བསོད་ནམས་ལས་སྐྱིད་ཀྱིས་ བརྒྱ་ཆ་ ༨༧.༧༥ ཐོབ་སྟེ་ ཨང་ ༢ པ་དང་ སངས་རྒྱས་དབང་ཕྱུག་གིས་ བརྒྱ་ཆ་ ༨༦.༢༦ ཐོབ་སྟེ་ ཨང་ ༣ པ་ཐོན་ནུག།
ཆོས་ཚན་དེ་ནང་ སློབ་ཕྲུག་བསྡོམས་ ༡༦༧ གྱིས་ ཆོས་རྒྱུགས་ཕུལ་མིའི་གྲས་ལས་ སློབ་ཕྲུག་ ༢ ཀྱིས་ མཐར་འཁྱོལ་མ་ཚུགསཔ་ཨིན་པས།
སློབ་རིམ་ ༨ པའི་ཆོས་རྒྱུགས།
སློབ་རིམ་ ༨ པའི་ གཞུང་གི་ཆོས་རྒྱུགས་ནང་ སློབ་གྲྭ་ཁག་ ༡༦༥ ལས་ སློབ་ཕྲུག་བསྡོམས་ ༡༤,༨༤༧ གྱིས་ ཆོས་རྒྱུགས་ཕུལ་མིའི་གྲས་ལས་ སློབ་ཕྲུག་ ༣,༠༣༦ གིས་ མཐར་འཁྱོལ་མ་ཚུགསཔ་ཨིན་པས།
ཆོས་རྒྱུགས་དེ་ནང་ སྤ་རོ་རྒྱལ་འཛིན་སློབ་གྲྭ་ལས་ སོམ་དབང་ཚེ་རིང་དཔལ་ལྡན་གྱིས་ སྐུགས་ཚད་བརྒྱ་ཆ་ ༩༦.༢༩ ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ད་ ཐིམ་ཕུ་བློ་གསལ་གླིང་ འབྲིང་རིམ་སློབ་གྲྭ་བར་མ་ལས་ བཀྲིས་སྒྲོལ་མ་མོང་གར་གྱིས་ བརྒྱ་ཆ་ ༩༥.༩༨ ཐོབ་སྟེ་ ཨང་ ༢ པ་དང་ གསར་སྤང་འབྲིང་རིམ་སློབ་གྲྭ་བར་མ་ལས་ ཡོ་གིཤ་ཨ་དི་ཀ་རི་གིས་ བརྒྱ་ཆ་ ༩༤.༤༨ ཐོབ་སྟེ་ ཨང་ ༣ པ་ ཐོན་ཡོད་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1390108
Views Today :
Total views : 5000
Who's Online :