
རོའི་ཊརཛ།
སྤྱི་ཟླ་ ༢ པའི་ཚེས་ ༥ ལུ་ ལྷོ་ཨ་མེ་རི་ཀའི་ ཅི་ལི་རྒྱལ་ཁབ་ཀྱི་ སྲིད་འཛིན་བགྲེསཔ་ སེ་བཱཛ་ཅཱན་པི་ནེ་ར་དེ་ གནམ་གྲུ་ཧེ་ལི་ཀོབ་ཊར་ལུ་ ཐུག་རྐྱེན་བྱུང་མིའི་ནང་ གཤགས་སོངཔ་ཨིན་པས།
དགུང་ལོ་ ༧༤ བཞེས་མི་ སྲིད་འཛིན་བགྲེསཔ་དང་ ཕྱག་ཞུ་མི་ ༣ ཡོད་མི་ ཧེ་ལི་ཀོབ་ཊར་དེ་ ཅི་ལི་ལྷོ་ཕྱོགས་ཀྱི་ རྒྱ་མཚོ་ཅིག་ནང་ བུད་ཡོདཔ་ད་ ཉེན་སྐྱོབ་སྡེ་ཚན་གྱིས་ ཁོང་ཆ་ཁྱབ་ རྒྱ་མཚོའི་ནང་ལས་ བཏོན་པའི་ཤུལ་ལུ་ སྲིད་འཛིན་བགྲེསཔ་དེ་ གཤགས་སོང་རུང་ གཞན་མི་ ༣ དེ་ སྲོག་སྐྱབས་འབད་ཚུགས་ནུག།
སྲིད་འཛིན་བགྲེསཔ་ སེ་བཱཛ་ཅཱན་པི་ནེ་ར་གིས་ སྤྱི་ལོ་ ༢༠༡༠ ལས་ ༢༠༢༢ ཚུན་ འཕྲོ་མཐུད་དེ་ར་ ལན་ཐེངས་ ༢ ཀྱི་རིང་ལུ་ གཞུང་སྐྱོང་མཛད་ཡོདཔ་ད་ ནང་སྲིད་བློན་པོ་ ཀེ་རོ་ལི་ན་ཏོ་བ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྲིད་འཛིན་བགྲེསཔ་དེ་ མི་མང་གི་ ཞབས་ཏོག་ལུ་ ཆེད་དུ་བརྩོན་མི་ཅིག་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
སྲིད་འཛིན་གྱི་ གོ་གནས་ལས་ དགོངས་ཞུ་མཛད་པའི་ཤུལ་ལས་ཡང་ སྲིད་དོན་ནང་ གྲལ་གཏོགས་འཕྲོ་མཐུད་མཛད་དེ་ རྒྱལ་ཁབ་ཀྱི་དོན་ལུ་ རྩ་ཁྲིམས་ཆེན་མོ་ གསར་རྩོམ་ཚུ་གི་སྐོར་ལས་ གསལ་བཤད་གནང་མི་ཚུ་ མཐར་འཁྱོལ་བྱུང་མ་ཚུགས་པར་ ལུས་སོང་ནུག།
སྲིད་འཛིན་བགྲེསཔ་ གཤགས་མིའི་སྐོར་ལས་ ཨར་ཇེན་ཊི་ནའི་སྲིད་འཛིན་ མའོ་རི་སི་ཡོ་མེ་ཀིར་གྱིས་ འཛིན་བགྲེསཔ་དེ་ ཁོ་རའི་རྒྱལ་ཁབ་ལུ་ བརྩོན་ཤུགས་བསྐྱེད་མི་ མི་ལེགས་ཤོམ་ཅིག་ཨིནམ་མ་ཚད་ ལེ་ཊིན་ཨ་མེ་རི་ཀའི་ རྒྱལ་ཁབ་ཚུ་གི་ནང་ཡང་ དབང་ཆ་དང་ དམངས་གཙོའི་རིང་ལུགས་ལུ་ བརྩི་བཀུར་འབད་མི་ཅིག་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 3365
Users Yesterday : 3516
This Month : 20539
This Year : 457532
Total Users : 1169348
Views Today : 4307
Total views : 3194318
Who's Online : 18