
རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་མོ་དི་ འབྲུག་ལུ་ ཉིན་གྲངས་ ༢ ཀྱི་རིང་ལུ་ གཟིགས་སྐོར་གནང་སྟེ་ སྤྱི་ཟླ་ ༣ པའི་ཚེས་ ༢༣ ལུ་ སྤ་རོ་གནམ་གྲུ་ཐང་ལས་ རྒྱ་གར་དིལླི་ལུ་ ལོག་བྱོན་ཡོདཔ་བཞིན་དུ་ ཞབས་སྐྱེལ་གྱི་དོན་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་ངོ་བོ་སྦེ་ ཆིབས་བསྐྱོད་གནང་ཡོདཔ་ད་ དེ་བསྒང་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ ལྷན་རྒྱས་གཞུང་ཚོགས་དང་ གཞུང་གི་འགོ་དཔོན་ཚུ་གིས་མ་ཚད་པར་ སྤ་རོ་རྫོང་ཁག་གི་ སློབ་ཕྲུག་ཚུ་གིས་ཡང་ ཞབས་སྐྱེལ་ནང་ གྲལ་གཏོགས་འབད་ནུག།
གཟིགས་སྐོར་སྐབས་ལུ་ འབྲུག་མི་ཚུ་གིས་ དགའ་སྤྲོའི་ཐོག་ལས་ ཕེབས་བསུ་ཞུ་ཡོད་མི་ལུ་ བློན་ཆེན་མོ་དི་གིས་ བློན་ཆེན་ཁོ་ར་དང་ རྒྱ་གར་གྱི་ མི་སེར་ཚུ་དང་ འབྲུག་གི་བར་ན་ མཛའ་བཤེས་མཐུན་ལམ་ དམ་ཟབ་ཡོད་པའི་ བརྡ་མཚོན་ལུ་ ཧིང་ལས་ར་ ངོས་ལེན་གྲུབ་ཡོད་པའི་ གནས་ཚུལ་མདོར་བསྡུས།






Users Today : 1097
Users Yesterday : 1351
This Month : 42656
This Year : 222559
Total Users : 934376
Views Today : 2723
Total views : 2725230
Who's Online : 6